རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་4པའི་ཚེས་22ཉིན་གྱི་སྔ་དྲོར“2024བཟའ་བྱའི་ཤ་མོའི་ཐོན་ལས་སྦྲེལ་རིགས(ཞ་མོན་)གསར་གཏོད་དངོས་མང་སྟོན་ཚོགས”དེ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། ཚོགས་ཆེན་ཐོག“2023ལོའི་ཀྲུང་གོའི་བཟའ་བྱའི་ཤ་མོའི་ཐོན་ལས་ས་ཁོངས་ཀྱི་སྤུས་རྟགས་རིན་ཐང་གདེང་འཇོག་མིང་ཐོ”གཟབ་རྒྱས་ངང་ཡོངས་བསྒྲགས་བྱས་པ་དང་སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་རྟགས་ལ་རིན་ཐང་སྒོར་དུང་ཕྱུར་42.13ཟིན་ནས་2023ལོའི་ཀྲུང་གོའི་ཤ་མོའི་རིགས་ཀྱི་ས་ཁོངས་སྤུས་རྟགས་ཀྱི་ཨང་དང་པོ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིང་ཐོ་དེ་ནི་ཀྲུང་གོའི་བཟའ་བྱའི་ཤ་མོའི“ས་ཁོངས་སྤུས་རྟགས་”ལ་ཁྱོན་ཡོངས་དང་། ཆ་ཚང་བ། བརྒྱུད་རིམ་ལྡན་པ། ཚན་རིག་དང་མཐུན་པའི་རིན་ཐང་གདེང་འཇོག་བྱས་པ་ཞིག་རེད། ད་ཐེངས་ཀྱི་མིང་ཐོའི་ནང་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་བཟའ་བྱའི་ཤ་མོའི་ས་ཁོངས་སྤུས་རྟགས་161ཚུད་ཡོད་པ་མ་ཟད། རིགས་དབྱེའི་བྱ་དགའ་6ཀྱང་བསྣན་ཡོད་པ་རེད། སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་ཚད་ཕུལ་དུ་བྱུང་བ་དང་རིགས་གཅིག་པའི་ཁྲོད་ཀྱི་ཤུགས་རྐྱེན་ཆེན་པོ་ལ་བརྟེན་ནས་ད་ཐེངས་ཀྱི་མིང་ཐོའི་ནང་ཞུགས་པའི་རྒྱལ་ཡོངས་ཀྱི་བེ་ཤའི་སྤུས་རྟགས་ཁྲོད་ལེགས་ཆ་མཐའ་གཅིག་ཏུ་ཡོད་པའི་ཐོག་ནས་ཨང་དང་པོར་སླེབས་པ་མ་ཟད། སྤུས་རྟགས་ཀྱི་རིན་ཐང་དེ་2022ལོའི་སྒོར་དུང་ཕྱུར་34.53ལས་སྒོར་དུང་ཕྱུར་7.6འཕར་ནས་འཕར་ཚད་22%ཟིན་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་གསལ་དོད་པོ་ལྡན་ཡོད་པ་རེད།
བདེ་ཆེན་ཁུལ་ནི་བེ་ཤ་གཙོ་བོར་བྱེད་པའི་རི་སྐྱེས་བཟའ་བྱའི་ཤ་མོའི་ཐོན་ཁུལ་གཙོ་བོ་ཞིག་ཡིན་པ་དང་། ལོ་རེའི་བེ་ཤའི་ཐོན་ཚད་ཀྱིས་ཀྲུང་གོའི་བེ་ཤའི་ཐོན་ཚད་བསྡོམས་འབོར་གྱི་70%དང་འཛམ་གླིང་ཐོན་ཚད་བསྡོམས་འབོར་གྱི་33%ཟིན་གྱི་ཡོད། ཁུལ་ཡོངས་ཀྱི་བེ་ཤ་རང་བྱུང་སྐྱེ་ཚད་ཏུན་1000ཡན་ཡིན་པ་དང་ལོ་རེར་འཚོལ་བསྡུ་བྱེད་ཚད་ཏུན་500ནས་900བར་ཡིན་པ་རེད། གཞན་ཡང་རང་ཁུལ་དང་ཉེ་འགྲམ་གྱི་བོད་འབྲེལ་ཁུལ་དང་རྫོང་གིས་ལོ་ལྟར་བདེ་ཆེན་བརྒྱུད་ནས་ཕྱི་ཕྱོགས་སུ་བསྐུར་བའི་བེ་ཤ་ཏུན་500ཙམ་ཟིན་གྱི་ཡོད་པས་བདེ་ཆེན་གྱི་བེ་ཤ་ལོ་རེར་ཉོ་ཚོང་བྱེད་ཚད་ཏུན་1000ནས་1300བར་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4ཙམ་ཟིན་གྱི་ཡོད་པ་དང་ཕྱི་དངུལ་ཨ་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་གྱི་ཡོད་པ་དེས་ཡུན་ནན་ཞིང་ཆེན་གྱི་བེ་ཤ་སོས་པ་ཕྱིར་གཏོང་བྱེད་པའི་65%ཡན་བཟུང་གི་ཡོད་པ་རེད།