རང་ཁུལ་གྱིས་བརྗོད་བྱ་གཙོ་བོའི་གུང་གཞོན་ཚོགས་པའི་ཉིན་མོའི་དཔེ་སྟོན་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་རང་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་ལས་རིགས་སློབ་གླིང་དུ་“ལང་ཚོས་འགན་འཁྲི་ཕྲག་ཏུ་འཁུར་བ།——ལང་ཚོ་ཡི་ང་ཡིས་ལང་ཚོའི་ཀྲུང་གོ་གཏོད་”ཅེས་པའི་བརྗོད་དོན་གཙོ་བོའི་གུང་གཞོན་ཚོགས་པའི་ཉིན་མོའི་དཔེ་སྟོན་བྱེད་སྒོ་སྤེལ་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོའི་བརྡ་ཁྱབ་ནང་བདེ་ཆེན་ཁུལ་གྱི་2023་ལོའི་ལྔ་བཞིའི་དར་དམར་སྡེ་ཚོགས་ཨུ་ལྷན་དང་།ལྔ་བཞིའི་དར་དམར་སྡེ་ཚོགས་ཀྲི་པུའུ། ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ།ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་བཅས་ལ་གཟེངས་བསྟོད་བྱས་པ་རེད།སྡེ་ཚོགས་ཀྱི་ཚོགས་མི་གསར་པ་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་འཚོགས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་གཞོན་ནུ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ་རྒྱ་ཆེའི་གཞོན་ནུ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་ཧུར་ཐག་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བདེ་ཆེན་གྱི་ལག་ལེན་ཁྲོད་ལང་ཚོའི་མཛེས་སྡུག་ལྡན་པའི་མེ་ཏོག་བཞད་པ་བྱེད་དགོས་ཞེས་གསུངས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གིས་སྲིད་སྐྱོང་བའི་གཞོན་ནུ་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གུང་གཞོན་སྡེ་ཚོགས་ཀྱིས་མང་ཚོགས་ཚོགས་པའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་གཞིར་བཟུང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཏང་ཡོན་ལས་བྱེད་པས་གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བ།གསར་གཏོད་གསར་སྐྲུན།བྱས་རྗེས་འཇོག་པ་བཅས་ལ་ཞབས་ཞུ་དང་འགན་སྲུང་གི་ལས་ཀ་ལེགས་པར་བསྒྲུབ་དགོས། གུང་གཞོན་ཚོགས་པའི་རྩ་འཛུགས་རིམ་པ་ཁག་གིས་གཞོན་ནུ་རྣམས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་།ཆེས་ཐད་ཀར་ཡིན་པ།ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་དཀའ་ངལ་དང་གནད་དོན་དམ་འཛིན་བྱས་ཏེ་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་དགོས།རིམ་ཁག་སྡེ་ཚོགས་ལས་བྱེད་པས་རང་འགུལ་ངང་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་གཞོན་ནུའི་འགྲམ་དུ་མང་ཙམ་བསྐྱོད་དེ་གཞོན་ནུའི་གྲོགས་པོ་བྱེད་པ་ལས་གཞོན་ནུའི་དཔོན་པོ་མི་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་གིས་གཞོན་ནུ་འཚར་ལོངས་ཡོང་བར་སེམས་ཁུར་དང་།གཞོན་ནུ་འཇོན་ཐང་ཅན་དུ་འགྱུར་བར་བསྔགས་སྐུལ།གཞོན་ནུ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བཅས་བྱས་ཏེ་ཐུན་མོང་ཐོག་གཞོན་ནུ་རྣམས་ལ་མཚར་སྡུག་ལྡན་པའི་གོ་སྐབས་སྔར་ལས་མང་བ་བསྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད།

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་།ཡུས་ཡུང་ཧུང་།ཧྲི་ཁྲུན་མིང་།ཁུལ་ཐད་གཏོགས་ལས་ཁུངས་དང་།ཁེ་ལས་དང་བྱ་ལས་སྡེ་ཚན།ལས་རིགས་ཁོངས་གཏོགས་ཀྱི་གུང་གཞོན་ཚོགས་པའི་ལས་བྱེད་པ།གཞོན་ནུའི་འཐུས་མི།སློབ་མའི་གུང་གཞོན་ཚོགས་པའི་ཚོགས་མི་བཅས་བྱེད་སྒོར་ཞུགས་ཡོད།