ཁུལ་ཡོངས་ཀྱིས་རྩིས་བཤེར་ཐོག་མཐོང་བའི་གནད་དོན་དང་གྲོང་གསེབ་དར་རྒྱས་རིགས་ཁག་གི་ཚུར་ལན་གནད་དོན།ཐེངས་རེ་རེའི་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་སྒྲིག་བཅོས་ལས་དོན་བཅས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་29ཉིན།ཁུལ་ཡོངས་རྩིས་བཤེར་ཐོག་མཐོང་བའི་གནད་དོན་དང་།གྲོང་གསེབ་དར་རྒྱས་རིགས་ཁག་གི་ཚུར་ལན་གནད་དོན།ཐེངས་རེ་རེའི་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཚོགས་འདུའི་ཐོག་རིག་ཁག་སྡེ་ཚན་ཁག་གིས་ལས་འགན་ཤེས་པ་དང་ལས་འགན་གསལ་འབེབས་བྱེད་པ།ལས་འགན་སྒྲུབ་པ།གང་ཐུབ་ཀྱི་ལས་འགན་འཁུར་བ་བཅས་བྱས་ནས།ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།   

    ཁུལ་ཨུའི་ཧྲུའུ་ཅི་ལོའུ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

    ཚོགས་འདུའི་ཐོག་དངོས་སུ་སྒྲིག་བཅོས་དང་བྱ་སྤྱོད་བྱེད་དགོས།བགོས་གཉེར་འགོ་ཁྲིད་ཀྱིས་བགོས་གཉེར་ཁྱབ་ཁོངས་ཀྱི་ཚུར་ལན་གནད་དོན་ལ་སྡོམ་འགོད་ཞིབ་འཇུག་དང་སྐུལ་འདེད་ལ་ལྟ་སྐུལ་བྱེད་དགོས།ཁུལ་རིམ་བསྒྱུར་འབྲེལ་ཡོད་སྡེ་ཁག་དང་རྫོང་(གྲོང་ཁྱེར)ཁག་གི་ཐོན་ལས་གླིང་གིས་རང་མ་ལག་རང་ལས་ཁུངས་རང་ས་ཁུལ་གྱིས་གནད་དོན་སྒྲིག་བཅོས་བྱེད་ཚུལ་ལ་ཡང་ཡང་གསེད་དགོས།ཁུལ་རྩིས་བཤེར་ཅུས་དང་ཁུལ་ཨུའི་སྐོར་རྟོག་གཞུང་ལས་ཁང་།ཁུལ་ཞིང་ལས་ཞིང་གྲོང་ཅུས་ཀྱིས་རྗེས་འདེད་ཕན་ནུས་འདྲི་བ་བྱེད་དགོས།དུས་མཚམས་སུ་སྡེ་ཚན་ཁག་གིས་སྔར་ལས་ལྷག་པར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་སྒྲིལ་ཤུགས་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན།

    ཚོགས་འདུ་ཐོག་རིགས་དགོས་ཇུས་འདོན་རྒྱུན་འཁྱོངས་བྱེད་དགོས་པ་དང་།མངོན་གསལ་གནད་དོན་ལ་སེམས་ཤུགས་གཅིག་སྒྲིམ་ནས་གནད་དོན་སྒྲིག་བཅོས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ཚོགས་འདུའི་ཐོག་འགན་གཙོ་ལས་ཁུངས་ཀྱིས་སྒྲིག་བཅོས་ཇུས་གཞི་དང་གསལ་ཐོ་རེ་རེ་གཏན་འབེབས་བྱེད་དགོས།གཙོ་གཉེར་ལས་ཁུངས་ཀྱིས་གནད་དོན་དུས་ལྟར་སྒྲིག་བཅོས་ཨང་གྲངས་མེད་བཟོ་བར་སྐུལ་འདེད་གཏོང་དགོས།སྒྲིག་བཅོས་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།