ཁུལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    

    ཉེ་ཆར་ཁུལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུའི་ཐོག་མིག་སྔའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་དཀའ་གནད་སྒྲོལ་བ། དངོས་སུ་སྒྲུབ་པ། སྣོད་བཅུད་སྲུང་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།

    ཁུལ་ཏང་ཨུའི་ཧྲུའུ་ཅི་ཁུལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན།ཁུལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ན་ནིང་ནས་བཟུང་རང་ཁུལ་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། སྣོད་བཅུད་ནུས་པ་མགྱོགས་མྱུར་ངང་སླར་གསོ་ཐུབ་པ། ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གནད་དོན་འབུར་ཐོན་ཁ་ཤས་དག་ཐེར་དང་བཅོས་སྒྲིག་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས། བྱེད་ཐབས་ནུས་ལྡན་སྤྱད་དེ་སླད་ཕྱིན་རིམ་བཞིན་ཐག་གཅོད་བྱ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་བློ་བརྟན་འགྱུར་མེད་ངང་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྦགས་བཙོག་འགོག་བཅོས་དམ་འཛིན་ཡག་པོ་བྱས་ཏེ་གནམ་སྔོན་དང་། ཆུ་དྭངས། ས་གཙང་། རི་སྔོན་བཅས་སྲུང་སྐྱོབ་དམག་འཐབ་ཆེན་པོ་བཞི་གཏིང་ཟབ་ཏུ་བསྒྲུབ་དགོས། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ཡག་པོ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱས་ཏེ་གནད་དོན་གཅིག་ཐག་གཅོད་ཐུབ་པ་དང་གནད་དོན་རིགས་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་ཁྲིད་བྱ་དགོས། གནད་དོན་མངོན་གསལ་དོད་པོ་དག་ཐེར་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མཐོ་རུ་གཏོང་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཕྱོགས་ཡོངས་ནས་དམ་དུ་གཏོང་དགོས།

    ཚོགས་འདུའི་ཐོག་ཁུལ་དཔོན་གཞོན་པ་ལི་ཐའོ་ཡིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དང་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་དང་2022ལོའི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཁྲུག་གི་ཞིང་ཆེན་རིམ་པའི་གྲུབ་འབྲས་དཔྱད་ཞིབ་དང་ཚུར་ལན་གནད་དོན་བརྡ་ཁྱབ་བཏང་བ་རེད། རྫོང་གསུམ་(གྲོང་ཁྱེར)དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་།ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ལས་ཀའི་གནས་ཚུལ་སྙན་སེང་ཞུ་རྒྱུ་ཡིན་པ་རེད།