རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-02   རྩོམ་ཁུངས།    阳光西藏
ལྔ་གཅིག་གུང་གསེང་རིང་འགོས་ནད་སྔོན་འགོག་
ཡག་པོ་བྱ་དགོས།
“五一”假期,做好传染病的预防
དཔྱིད་དུས་ནི་གནམ་གཤིས་ཡག་པོ་ཡོད་པས་ཡུལ་སྐོར་ལ་འགྲོ་བའི་དུས་དང་། ལྔ་གཅིག་གུང་གསེང་བཞག་པས། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་དང་ཡུལ་སྐོར་ལ་འགྲོ་མཁན་མང་དུ་འགྲོ་གི་ཡོད། གུང་གསེང་རིང་གྲོང་མི་མང་པོ་ཞིག་སྤྱི་པའི་ཆུ་རྐྱལ་རྫིང་བུ་སོགས་སུ་སྤྲོ་གསེང་གཏོང་བར་དགའ་པོ་བྱེད་ཀྱི་ཡོད་ལ། ཕྲུ་གུ་ཡང་སྤྱི་པའི་རོལ་རྩེད་རྩེད་སར་འཁྲིད་འགྲོ་རྒྱུ་དགའ་པོ་ཡོད། འོན་ཏེ། མི་མང་པོ་འདུ་འཛོམས་བྱེད་སའི་ཁང་པའི་ནང་མཁའ་རླུང་འཁོར་རྒྱུག་མི་བྱེད་པ་དང་། མི་ཚོགས་མང་བ། སྤྱི་པའི་སྒྲིག་ཆས་དང་འབྲེལ་འདྲིས་བྱེད་མཁན་ཧ་ཅང་མང་བ་སོགས་ཀྱི་དབང་གིས་འགོས་ནད་འགོས་པ་དང་མཆེད་སླ་པོ་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་ཞུ་རྒྱུ་གཤམ་གསལ། དཔྱིད་ཀ་དང་དབྱར་དུས་ནི་འགོས་ནད་འབྱུང་མང་བའི་དུས་ཚིགས་སུ་སླེབས་པས། ཚང་མས་གུང་གསེང་རིང་སྐྱིད་པོ་གཏང་རྒྱུ་དང་དུས་མཚུངས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། ཏོག་གསར་ནད་དུག་གསར་པ་འགོས་པ་དང་། དོས་དྲག་རང་བཞིན་གྱི་ཁྲག་དོན་མིག་འབྲས་སྐྱི་མོའི་གཉན་ཚད་དམ་མིག་དམར་ཚག་དང་རྐང་ལག་ཁ་གསུམ་གྱི་ནད་སོགས་འགོས་ནད་སྔོན་འགོག་ཡོག་པོ་བྱ་དགོས།
五月春光好,出游正当时,“五一”假期将至,走亲访友、外出旅行增多,假期很多市民喜欢到公共泳池等休闲度假,带小孩到游乐场游玩,由于室内公共场所空气不流通,人群聚集,公共设施接触人群增多等,极易传播和流行传染性疾病。城关区疾控中心温馨提示:时值春夏季传染病高发季节,大家在享受小长假的同时,要做好个人防护,预防新型冠状病毒感染、急性出血性结膜炎、手足口病等传染病。
Part.01
དོས་དྲག་རང་བཞིན་གྱི་ཁྲག་དོན་མིག་འབྲས་
སྐྱི་མོའི་གཉན་ཚད་དམ་མིག་དམར་ཚག
急性出血性结膜炎
དོས་དྲག་རང་བཞིན་གྱི་ཁྲག་དོན་མིག་འབྲས་སྐྱི་མོའི་གཉན་ཚད་དམ་མིག་དམར་ཚག་ནི་འཇུ་ལམ་ནད་དུག་འགོས་པ་ལས་འབྱུང་བའི་མྱུར་གཤིས་འགོས་ནད་ཅིག་ཡིན། ནད་འདི་འགོས་ཤུགས་ཧ་ཅང་ཆེ་ཞིང་འགོས་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད། མི་ཚང་མར་ཡོངས་ཁྱབ་ཏུ་འགོས་སླ་བས། སློབ་གྲྭ་དང་བུ་བཅོལ་ཁང་། ཀུང་སི་སོགས་ཐུན་མོང་སྡེ་ཚན་དུ་གློ་བུར་དུ་མཆེད་སླ་བོ་ཡོད།
急性出血性结膜炎又称“红眼病”,是由肠道病毒感染引起的急性传染病,本病传染性极强,发病率高,人群普遍易感,极易造成学校、托幼机构和公司等集体单位中暴发和流行。
Part.02
རྐང་ལག་ཁ་གསུམ་གྱི་ནད།
手足口病
རྐང་ལག་ཁ་གསུམ་གྱི་ནད་ནི་རྒྱུན་དུ་མཐོང་མང་བའི་དོས་དྲག་རང་བཞིན་གྱི་འཇུ་ལམ་ནས་འགོས་འགྲོ་བའི་འགོས་ནད་ཅིག་ཡིན། ལོ་རེའི་ཟླ་༤པ་ནས་༧པའི་བར་ནི་རྐང་ལག་ཁ་གསུམ་གྱི་ནད་མཆེད་པའི་དུས་ཚིགས་གཙོ་བོ་ཡིན་པ་དང་། ལྷག་པར་དུ་ཟླ་༥པར་བསླེབས་རྗེས། རྐང་ལག་ཁ་གསུམ་གྱི་ནད་ཇེ་མང་དུ་འགྲོ་བཞིན་ཡོད།
手足口病是一种常见多发急性肠道传染病,每年4-7月是手足口病的主要流行季节,进入5月份以后,手足口病发病将可能有所上升。
Part.03
ཏོག་གསར་ནད་དུག་གི་གཉན་ཚད།
新型冠状病毒感染
ད་ལྟའི་ཆར་ཏོག་གསར་ནད་དུག་གི་གཉན་ཚད་འགོས་ནད་ས་གནས་ཆ་ཤས་སུ་ཐར་ཐོར་དུ་ཁྱབ་འགྲོ་བཞིན་ཡོད་པ་དང་། འགོས་ཁྱབ་ཆེ་བའི་གནས་ཚུལ་མེད་རུང་། གུང་གསེང་རིང་མི་སྣ་འཁོར་རྒྱུག་ཅུང་ཆེ་བས་མང་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་དང་བདེ་ཐང་དོ་དམ་མུ་མཐུད་ཡག་པོ་བྱ་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།
目前新冠感染疫情处于局部零星散发状态,形势平稳,假期人员流动较大,建议群众应继续做好个人防护和健康管理。
Part.04
ཆུ་ཐོར་རམ་ཆུ་འབྲུམ།
水痘
དཔྱིད་དུས་ཀྱི་དྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་བ་དང་། མཁའ་དབུགས་ཅུང་སྐམ་པོ་ཡིན་པ། ཆུ་ཐོར་སོགས་དབུགས་ལམ་གྱི་འགོས་ནད་ཡང་ཡང་འབྱུང་བཞིན་ཡོད།
春季气温慢慢回升,空气比较干燥,水痘等呼吸道传染病时有发生。
Part.05
ཟས་དུག་སོགས་བཤལ་ནད།
其他感染性腹泻
ཉེ་དུས་ལྷ་ས་གྲོང་ཁྱེར་གྱི་དྲོད་ཚད་ལ་འགྱུར་ལྡོག་ཅུང་ཆེ་བ་དང་དུས་ཆེན་རིང་ཕྱི་རོལ་དུ་ཟ་མ་ཟ་བ་དང་། དུས་ཐོག་ཏུ་ཟ་མ་མི་བཟའ་བ། ཟ་མ་བཟའ་རྒྱུ་དང་འཐུང་རྒྱུ་མང་དྲག་པ་སོགས་ཆོས་ཉིད་མིན་པའི་བཟའ་བཏུང་གིས་གཉན་ཚད་རང་བཞིན་གྱི་གྲོད་པ་བཤལ་བ་སོགས་ཐོན་སླ་པོ་ཡོད།
近期拉萨市气温变化较大,节日期间在外就餐、不按时就餐、暴食暴饮等不规律的饮食,极易引起感染性腹泻。
བདེ་ཐང་གི་དྲལ་སྐུལ།
健康提示
རྒྱུན་ལྡན་དང་འགྲུལ་བཞུད་ཀྱི་སྐབས་སུ་ངེས་པར་དུ་རང་ཉིད་ཀྱི་འགོག་སྲུང་ཡག་པོ་བྱ་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་ཡག་པོ་བརྒྱག་དགོས། གློ་ལུ་བའི་གོམས་སྲོལ་ལ་དོ་སྣང་བྱ་དགོས་པ་དང་། གློ་ལུ་བའམ་ཧབ་སྦྲིད་རྒྱག་སྐབས་ཤོག་བུ་དང་ཨ་ཅོར་གྱིས་ཁ་དང་སྣ་འགེབས་དགོས།
在日常和旅途中务必做好个人自我防护,应科学佩戴口罩;注意咳嗽礼仪,咳嗽或打喷嚏时,用纸巾、毛巾遮掩口鼻。
མི་སྒེར་གྱི་གཙང་སྦྲར་དོ་སྣང་དང་། འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་དགོས། འདག་རྫས་སམ་ལག་པ་བཀྲུ་བའི་གཤེར་ཁུ་བེད་སྤྱད་ནས་བཞུར་ཆུའི་ནང་ལག་པ་བཀྲུ་དགོས། ཟ་མ་མ་ཟས་གོང་དང་བཙོག་གཅིན་བཏང་རྗེས། སྦགས་བཙོག་ཐེབས་པའི་ཅ་ལག་དང་འཕྲད་རྗེས་ལག་པ་བཀྲུ་དགོས། གྱོན་ཆས་དང་ཉལ་ཆས་རྒྱུན་དུ་གཙང་མ་བཀྲུ་བ་དང་ཉི་མ་ཡོད་སར་སྐམ་དགོས། ལྷག་པར་དུ་ལག་པ་གཙང་མ་རྒྱུན་འཁྱོངས་བྱ་རྒྱུར་དོ་སྣང་བྱ་དགོས། ལག་པས་མིག་གང་བྱུང་དུ་ཕྱིས་མི་རུང་། མི་སྒེར་གྱི་ཨ་ཅོར་དང་། གདོང་པ་བཀྲུ་སའི་གཞོང་པ། ལག་ཕྱིས་བཅས་ཁེར་རྐྱང་དུ་སྤྱད་དགོས་པ་དང་། ལག་པ་དང་གདོང་བཀྲུ་བར་རྒྱུག་ཆུ་སྤྱད་དགོས།
注意个人卫生,保持良好的卫生习惯。使用肥皂或洗手液并用流动水洗手,饭前便后及接触脏东西后要洗手,勤换、勤洗、勤晒衣服和被褥;尤其需注意保持手的清洁,不要用手揉擦眼晴。个人的毛巾、脸盆、手帕应当单用,洗手洗脸使用流动水。
སྡོད་ཁང་གི་རྒྱུན་ལྡན་གྱི་གཙང་སྦྲ་ཡག་པོ་བྱས་ཏེ་དུས་བཀག་ལྟར་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འགྲོ་རྒྱུག་ཡག་པོ་བྱ་དགོས། གལ་ཏེ་ཁྱིམ་ཚང་གི་ཁོངས་མིར་འགོས་ནད་བྱུང་ན། ཁྱིམ་ཚང་གི་ཁོངས་མིའི་བར་མི་འགོས་པའི་སྔོན་འགོག་ནན་པོ་བྱ་དགོས། ནད་པའི་ཡོ་བྱད་ལ་དུག་སེལ་བྱ་དགོས་པ་དང་ཁེར་རྐྱང་དུ་བཀོལ་སྤྱོད་བྱ་དགོས། ལྷག་པར་དུ་ཨ་ཅོར་བཙོས་ནས་དུག་སེལ་བྱ་དགོས། ནད་པའམ་ཡང་ན་ནད་པའི་ཡོ་བྱད་ལ་རེག་རྗེས་༧༥%ཡི་དུག་སེལ་ཆང་བཅུད་བཀོལ་སྤྱོད་བྱས་ནས་ལག་པ་གཉིས་ལ་དུག་སེལ་བྱ་དགོས།
做好居室日常卫生,定时开窗通风。若家庭成员患传染性疾病,严防在家庭成员间传播,患者用具应消毒处理并单独使用,特别是毛巾应煮沸消毒,接触患者或接触患者的用品后应用75%乙醇消毒双手。
སྤྱི་སྤྱོད་ཀ་ལ་དང་གློག་སྐས་ཀྱི་ལག་རྒྱུད། སྒོའི་ཡུ་བ། ཁ་པར་ཡོ་བྱད། རྩེད་ཆས་སོགས་དུག་སེལ་བྱ་རྒྱུར་དོ་སྣང་བྱ་དགོས་པ་དང་། སྤྱི་སྤྱོད་ཡོ་བྱད་དང་རེག་རྗེས་ལག་པ་བཀྲུ་དགོས་པ་དང་། མིག་དང་གདོང་མི་འཕུར་བ། ཡག་ཤོས་བྱུང་ན་སྤྱི་སྤྱོད་ཁྲུས་རྫིང་དང་ཆུ་རྐྱལ་རྫིང་བུ། དེ་མིན་མི་མང་པོ་འདུས་སར་མི་འགྲོ།
公用水龙头、电梯扶手、门把手、电话、用具、玩具等要注意消毒,接触公共用品后要洗手、不揉眼、不搓脸,尽量避免去公共浴池和游泳池及人群密集的公共场所。
ཕྲུ་གུ་འཚང་ཁ་ཆེ་བའི་མི་ཚོགས་སུ་མི་འཁྲིད་པ་དང་། ལྷག་པར་དུ་ཚ་བ་རྒྱས་པ་དང་ཐོར་པ་འབྱུང་བའི་བྱིས་པ་དང་འབྲེལ་འདྲིས་བྱ་མི་རུང་།
尽量少带孩子去拥挤的公共场所,特别是避免与有发热、出疹的儿童接触。
ཚ་བ་རྒྱས་པ་དང་ཐོར་པ་ཐོན་པ། མིག་དམར་སྐྲངས་པ་སོགས་བྱུང་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས། ནད་གཞི་ནར་འགྱངས་མི་ཡོང་བར་བྱ་དགོས།
一旦出现发热、皮疹、眼睛红肿等,及时到医疗机构就诊,一名延误病情。
འགོས་ནད་རང་བཞིན་གྱི་གྲོད་པ་བཤལ་བར་གཤམ་གྱི་དོན་ཚན་ཁག་བཞི་པོར་དོ་སྣང་བྱ་དགོས།
对于感染性腹泻做到如下四点:
༼ ༡ ༽ གྲོད་པ་བཤལ་མཁན་དང་འབྲེལ་འདྲིས་ཇེ་ཉུང་བྱ་དགོས། ལྷག་པར་དུ་ཕོར་པ་སོགས་བཟའ་བཏུང་ཡོ་བྱད་མཉམ་དུ་སྤྱད་མི་རུང་།
(1)尽量减少与腹泻病人的接触,特别是不要共用餐饮用具。
༼ ༢ ༽ ལག་པའི་གཙང་སྦྲར་དོ་སྣང་བྱ་དགོས་པ་དང་། དུས་རྒྱུན་ལག་པ་ཡང་སེ་བཀྲུ་དགོས། ཟ་མ་མ་ཟས་གོང་དང་རྗེས་སུ་ལག་པ་གཙང་མར་བཀྲུ་དགོས།
(2) 注意手卫生,平时常洗手,饭前、便后手要洗净。
༼ ༣ ༽ ཟས་རིགས་ཀྱི་གཙང་སྦྲར་དོ་སྣང་བྱ་དགོས། ཟས་རྗེན་པ་དང་ཟས་བཙོས་མ་སོ་སོར་དབྱེ་བ་འབྱེད་ནས་ཕན་ཚུན་སྦགས་བཙོག་མི་ཡོང་བར་བྱ་དགོས། ནད་རྐྱེན་ཕྲ་རབ་འབྱུང་སླ་བའི་ཟས་རིགས་དཔེར་ན། འགྲོན་བུའི་ཤུན་པོ། སྡིག་སྲིན་སོགས་ཆུ་དང་མཚོ་ཟས་ཉུང་ཙམ་བཟའ་དགོས། ཟས་དེ་དག་ཟ་སྐབས་བཙོས་ནས་བཟའ་དགོས། ཟས་རྗེན་པ་ཟ་སྐབས་ངེས་པར་དུ་གཙང་མར་བཀྲུས་ནས་ཟ་དགོས་ལ་ཟས་རྗེན་པ་དང་གྲང་མོའི་རིགས་གང་ཉུང་བཟའ་དགོས།
(3) 讲究食品卫生。食物要生熟分开,避免交叉污染。尽量少食用易带致病菌的食物,如螺丝、贝壳、螃蟹等水海产品,食用时要煮熟蒸透。生食食物一定要洗净,尽量减少生冷食品的摄入。
༼ ༤ ༽ འཐུང་ཆུའི་གཙང་སྦྲར་དོ་སྣང་བྱ་དགོས། འཐུང་ཆུ་བསྐོལ་རྗེས་འཐུང་ན་ནད་རྒྱེན་ཕྲ་རབ་བམ་འཐུང་ཆུའི་ནང་གི་སྐྱེ་དངོས་ཕྲ་རབ་དེ་དག་གསད་ཐུབ།
(4) 注意饮用水卫生。饮用水煮沸后用,可杀灭致病微生物。
དུས་ཆེན་རྗེས་སུ་སློབ་གྲྭ་དང་བུ་བཅོལ་ཁང་སོགས་སུ་འགོས་ནད་ཀྱི་ནད་རིགས་མི་ཐོན་པ་དང་མི་མཆེད་པ། བྱིས་པའི་བདེ་ཐང་དང་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་འགན་ལེན་བྱ་ཆེད། གུང་གསེང་རིང་བྱིས་པར་འགོས་ནད་ཕོག་ཚེ་ཁྱིམ་བདག་རྣམས་ཀྱིས་དུས་ཐོག་ཏུ་སློབ་གྲྭ་དང་བུ་བཅོལ་ཁང་བཅས་ལ་སྙན་སེང་ཞུ་དགོས་པ་དང་། སློབ་གྲྭ་དང་བུ་བཅོལ་ཁང་གིས་གཞོགས་འདེགས་གང་ཡག་བྱས་ནས་འགོས་ནད་ཕོག་པའི་བྱིས་པ་ལོགས་སུ་བཀར་བ་དང་སྨན་བཅོས་བྱས་ནས་གནས་སྐབས་སློབ་གྲྭར་གཏང་མི་རུང་།
为避免节后在学校和托幼机构等发生和流行传染性疾病,确保我区广大儿童健康和正常教育教学秩序。假期出现小孩患传染性疾病,请广大家长及时向学校和托幼机构报告,配合学校和托幼机构做好隔离治疗等工作,患传染性疾病的学生暂缓上学。
མི་ཚང་མ་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་མཁན་དང་པོ་ཡིན་པས། རང་ཉིད་ནས་འགོ་བཙུགས་ཏེ་བདེ་ཐང་སྲུང་སྐྱོང་བྱ་དགོས། ཚང་མ་བདེ་ཐང་དང་གུང་གསེང་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།
每个人都是自己健康的第一责任人,从我做起,守护健康!祝大家身体安康,假期愉快!