འབའ་ལྷག་དཀར་རྫོང་སྐབས་དྲུག་པའི་གངས་རིའི་རོལ་དབྱངས་དུས་ཆེན་གྱི་ལྟད་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཀྱི་དྲ་བ།






   ཟླ་5ཚེས་1ནས་ཚེས་2ཉིན་བར“སྤྲོ་སྐྱིད་ཀྱི་ཡུན་ནན་འཚོ་བ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ”བརྗོད་བྱ་གཙོ་བོར་བྱས་པའི་འབའ་ལྷག་དཀར་རྫོང་གི་སྐབས་དྲུག་པའི་“ལྔ་གཅིག་”གངས་རིའི་རོལ་དབྱངས་དུས་ཆེན་དུས་ལྟར་འགོ་ཚུགས་པས་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་མྱོང་རོལ་བྱེད་པར་ཡོང་།








  རོལ་དབྱངས་དུས་ཆེན་ཐོག་བོད་ཀྱི་གླུ་བ་བཀྲ་ཤིས་ཉི་མ་དང་ཚེ་རིང་བསམ་གྲུབ། མཆོད་རྟེན་འབུམ། ཀླ་མོ་འཚོ་སོགས་ཀྱིས་སྙན་པའི་གཞས་བཏང་ལ། བདེ་ཆེན་གླུ་གར་ཚོགས་པས་ཞབས་བྲོ་འཁྲབ་སྟོན་བྱས་པས་ངོ་མཚར་མིག་གི་དགའ་སྟོན་ཆེན་པོ་ཞིག་ཡུལ་སྐོར་བ་དང་ས་གནས་དམངས་ཚོགས་ལ་བཤམས་པ་རེད། 





    ཟླ་5ཚེས་2ཉིན་གྱི་ཕྱི་དྲོ། འཇོལ་རྫོང་། ཉི་ཤར་ཤང་དང་། གཏེར་མ་རོང་ཤང་། རྒྱལ་ཐང་གྲོང་རྡལ། སན་པ་ཤང་བཅས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་གླུ་གར་རུ་ཁག་ལྔ་ཡིས་སྣོད་བཅུད་གླུ་གར་འཁྲབ་སྟོན་བྱས།