ཡུས་ཞི་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་11ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་ཡུས་ཞི་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་བརྗེ་རེས་བྱས་པ་དང་། ཡུས་ཞི་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡུས་ཞི་ཧྲི་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཅང་ཧྭ་ཡིས་རྟོག་ཞིབ་གནང་བར་ཕེབས་རོགས་གནང་བ་དང་ཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཞུགས་པ།

    བཞུགས་མོལ་ཚོགས་འདུའི་ཐོག   ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པ་དང་ཡུལ་ཞི་ཡིས་ལོ་མང་བའི་རིང་ལ་ཁ་གཏད་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཉེ་བའི་ལོ་འགའི་རིང་། ཡུས་ཞི་ཧྲི་ཨུ་དང་སྲིད་གཞུང་གི་ལས་ཀ་མང་པོ་ཞིག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་འགྲོ་ཡོད་པས། ཉམས་མྱོང་དེ་བདེ་ཆེན་ཁུལ་གྱིས་དཔེར་གཞིར་འཛིན་པ་དང་སློབ་སྦྱོང་ཡག་པོ་བྱེད་རིན་ལྡན་ཞིང་། ཡུས་ཞི་གྲོང་ཁྱེར་གྱིས་རོགས་སྐྱོར་ཆེན་པོ་གནང་འོག  འདས་ཟིན་པའི་ལོ་གཅིག་གི་རིང་ལ། བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་སྤྱི་ཁོག་ལ་བརྟན་ཞིང་ལེགས་སུ་འགྲོ་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བརྟན་ཞིང་གོ་རིམ་ལྡན་པ། མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་དོན་དངོས་ལྡན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཏང་གི་སྲིད་འཛིན་རྨང་གཞི་དེ་བས་བརྟན་པོ་བྱུང་ཡོད། ཡུས་ཞི་གྲོང་ཁྱེར་གྱིས་མ་དངུལ་འཇུག་ཤུགས་དང་རྣམ་གྲངས་འཛུགས་སྐྲུན།སློབ་གསོ་དང་སྨན་བཅོས་མི་སྣ། འཛད་སྤྱོད་སོགས་ཀྱི་ཐད་ལ་ཁ་གཏད་རོགས་སྐྱོར་རྒྱུན་མཐུད་ངང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་ཆེན་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་འཕེལ་རྒྱུས་བྱུང་བར་སྐུལ་འདེད་གཏོང་རོགས་ཞེས་པའི་རེ་བ་བཏོན།

    ཅང་ཧྭ་ཡིས་ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་ངང་སྣེ་ཁྲིད་ནས་ལས་ཀ་སོ་སོར་གྲུབ་འབྲས་དང་ཚད་བརྒལ་གསར་པ་ཐོབ་པ། སླད་ཕྱིན་གྱི་ལས་ཀར་ཡུས་ཞི་གྲོང་ཁྱེར་གྱིས་སྟོབས་ཤུགས་གང་ཡོད་ཀྱིས་ཁ་གཏད་རོགས་སྐྱོར་ཀྱི་ལས་ཀ་དངོས་པོ་རྒྱུན་མཐུད་ངང་སྒྲུབ་པ་དང་སྔ་ལས་ལྷག་པར་ཕྱོགས་གཉིས་ཀྱིས་མཉམ་ལས་ལམ་སྲོལ་འཐུས་ཚང་བཏང་ནས།ས་གནས་གཉིས་ལ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཡོང་བའི་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཚོན།

    ཚོགས་འདུ་མ་འཚོགས་གོང་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་སྔ་རྗེས་སུ་ཡུན་ནན་མའོ་ཏུའོ་ལི་ཚོགས་པ་བཟའ་བཅའ་ཚད་ཡོད་འགན་ལེན་ཀུང་སི་དང་ཧུང་ཐ་ཚོགས་པའི་ཡུལ་དངོས་སུ་ཕེབས་ནས་རྟོག་ཞིབ་བྱས།

ཡུས་ཞི་གྲོང་ཁྱེར་འགོ་ཁྲིད་ཝང་མེ་རུང་། ལི་པའོ་མིན། ཧྥན་ཡུང་ཀོང་། རང་ཁུལ་འགོ་ཁྲིད་ཞུས་ཀོང་ཏེ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།