ཁུལ་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པའི་ཆ་འཕྲིན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་ཆར་ཁུལ་སྲིད་གྲོས་ཀྱིསསྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པའི་ཆ་འཕྲིན་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོས་ནས་སྲིད་གྲོས་ཀྱི་ཆ་འཕྲིན་ལས་དོན་གྱི་ཆབ་སྲིད་གནས་བབ་དང་། སྤུས་ཚད་ཀྱི་ཆུ་ཚད། འབུལ་སྒྲུབ་ལས་ཕྱོད་བཅས་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་། སྲིད་གྲོས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པའི་ཆ་འཕྲིན་ལས་དོན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། ཆ་འཕྲིན་ཐབས་ལམ་ཕུན་སུམ་ཚོགས་སུ་ཕྱིན་པ། ཆ་འཕྲིན་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

སྲིད་གྲོས་ཀྱི་ཆ་འཕྲིན་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་སྲིད་གྲོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་འགོ་འཛིན་ས་གལ་ཆེན་དུ་བརྩིས་ནས་ཆེད་དམིགས་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་བྱེད་པར་ཞབས་འདེགས་ནུས་ལྡན་བཏོན་ཡོད།  སྲིད་གྲོས་ཀྱི་ཆ་འཕྲིན་ལས་དོན་དང་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གྲོས་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་ཟུང་འབྲེལ་དམ་ཚགས་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཁག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

    ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་ནུས་ལྡན་བྱས་ནས་ཆ་འཕྲིན་འབུལ་སྐྱེལ་ལས་དོན་གྱི་མཉམ་ཤུགས་ཆགས་པར་བྱས་ཡོད།  ཆ་འཕྲིན་འབུལ་སྐྱེལ་ལས་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བ་རྒྱུན་འཁྱོངས་བྱས་ནས་རྫོང་གྲོང་ཁྱེརཁག་གི་སྲིད་གྲོས་དང་སྲིད་གྲོས་ཀྱི་ཆ་འཕྲིན་འབྲེལ་གཏུག་བྱེད་ས་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ཡོད།

       རང་འགུལ་ངང་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་གྲུབ་འབྲས་ཁག་སྤོ་སྒྱུར་བྱེད་པར་ཞབས་འདེགས་ཞུ་བར་ཧུར་བརྩོན་བྱས་ཡོད།  ཆ་འཕྲིན་གྱི་བརྗོད་གཞི་འདེམས་པའི་ཞིབ་འཇུག་དང་དཔྱད་མཚམས་ཀྱི་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་གལ་ཆེན་གྱི་གླེང་ཆ་ཆེ་བའི་གནད་དོན་ལ་དབྱེ་ཞིབ་བྱས་ཡོད་པ་དང་།  ཆ་འཕྲིན་ཐབས་ལམ་སྤྱད་དེ་ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཁོངས་མིས་སེམས་གཏམ་གླེང་བ་དང་། ལྟ་ཞིབ། བརྟག་དཔྱད་ཞིབ་འཇུག་སོགས་བྱས་ནས་གྲུབ་པའི་གྲུབ་འབྲས་གལ་ཆེན་དུས་ཐོག་ཏུ་མཚོན་པར་བྱས་ནས་རྒྱུན་ལྡན་གྱི་ཆ་འཕྲིན་ཡིག་ཆ་ལ་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད།

གོམ་སྟབས་རྗེས་མར་ཁུལ་སྲིད་གྲོས་ཀྱིས་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་ཁ་ཕྱོགས་ཁ་གསལ་བཟོས་ནས་ཨུ་ཡོན་དང་། ཆེད་མངགས་གདན་ཞུའི་ཆ་འཕྲིན་པ། རྫོང་གྲོང་ཁྱེརསྲིད་གྲོས་དང་ཆ་འཕྲིན་ཐད་ཀར་སྙན་ཞུ་བྱེད་གནས། དམངས་གཙོའི་ཏང་ཤོག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་སྲིད་གྲོས་ཀྱི་སྤྱི་ཚོགས་གནས་ཚུལ་དང་དམངས་འདོད་མཚོན་པའི་ཆ་འཕྲིན་ལས་དོན་གྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་ཧུར་ཐག་བྱས་ནས་སྲིད་གྲོས་ཀྱི་ཆ་འཕྲིན་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། ཆ་འཕྲིན་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།