ཡང་ཐང་གྲོང་རྡལ་དུ་སྤུས་ལེགས་ཁྱད་ལྡན་ཐོན་ལས་དར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་ཚོ་ཐང་འབུར་ནགས་གྲོང་མི་ཚོ་ཆུང་གི་བཀྲ་ཤིས་ལྷ་མོས་ད་ལོའི་ལྕ་བའི་ས་བོན་གྱི་སྤུས་ཚད་ཧ་ཅང་བཟང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིས་ད་དུང་ལག་རྩལ་མཛུབ་ཁྲིད་བྱས་པས་ང་ལ་ཀྲུང་ལུགས་སྨན་རྒྱུ་ཡག་པོ་འདེབས་རྒྱུའི་ཡིད་ཆེས་ཆེན་པོ་ཡོད་ཅེས་དགའ་སྤྲོའི་ངང་བཤད་བྱུང་།

    ཧོ་ཕིང་གྲོང་ཚོ་ནི་མཐོ་གྲང་ཆུ་རགས་ཁུལ་དུ་གནས་པ་དང་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་ཐོན་ཚད་དམའ་ཡང་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱེད་པར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས། ལོ་10ལྷག་ཙམ་རིང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བཏང་བ་བརྒྱུད་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱ་རྒྱུ་དེ་ས་གནས་དེ་གའི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད།ད་སྐབས་ཧོ་ཕིང་གྲོང་ཚོར་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱེད་པའི་དུས་ཚིགས་ཡག་པོ་བསུས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སི་འདུ་འཛི་ཆེ་སྟེ། གྲོང་ཚོ་དེའི་གྲོང་མི་དུད་ཚང་28ཀྱིས་ཀུང་སི་དང་འདེབས་འཛུགས་གྲོས་མཐུན་བཞག་ནས་ལྕ་བའི་ས་བོན་བླངས་པ་མ་ཟད་ད་དུང་ཀུང་སིའི་རྟེན་གཞིར་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་ཆོག་གི་ཡོད།

    དེ་སྔོན།ས་གནས་དེ་གའི་གྲོང་མིར་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཀྱི་གོམས་གཤིས་ཀྱི་ཤུགས་རྐྱེན་ཕོག་པའི་ཁར་ལག་རྩལ་གྱི་མཛུབ་ཁྲིད་མི་འདང་བ་དང་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཀྱི་ཐོན་ཚད་དམའ་བས་ཡོང་འབབ་ཧ་ཅང་ཡག་པོ་མེད།ཇི་ལྟར་བྱས་ནས་ཚན་རིག་ལག་རྩལ་སྤྱད་དེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་ལས་སྣོན་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་སྣེ་འདྲེན་ཁེ་ལས་ཀྱིས་ཞིང་འབྲེལ་ཞིང་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཞིང་དུད་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་བྱ་རྒྱུ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་“ཨུ་ལྷན་གཉིས”ཀྱིས་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་འགྱུར་ཡོད།2023ལོའི་ཟླ་12ཚེས་21་ཉིན་ཡུན་ནན་དགེ་འོས་སློབ་ཆེན་གྱི་སེམས་ཀྱི་ཉི་ཟླ་བོད་སྨན་ཚན་རྩལ་སློབ་གླིང་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིར་གཞིས་ཆགས་པ་དང་། ཧོ་ཕིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཚན་རྩལ་སློབ་གླིང་དེའི་ཚན་རྩལ་ཚོགས་པ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཁེ་ལས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རོགས་བྱས་པ་དང་སྨན་རྒྱུ་འདེབས་གསོ་དང་ལག་རྩལ་མི་སྣ་680་གསོ་སྦྱོང་བྱས་ནས།ཀྲུང་ལུགས་སྨན་རྒྱུ་མྱུ་གུ་གསོ་བ་དང་། འདེབས་འཛུགས། སྐམ་ཤས་ཆེ་བའི་ལས་སྣོན། སྨན་རྒྱུའི་གྲུབ་ཆ་དབྱེ་ཞིབ་སོགས་ཐོན་ལས་ཕྲེང་བ་ཡོངས་ཀྱི་ཐོན་སློབ་ཞིབ་གསུམ་གྱི་ལས་སྟེགས་8བསྐྲུན་པ་དང་།ལྟེ་བའི་ལག་རྩལ་ཁག་10ཁྱབ་གདལ་དུ་བཏང་ཞིང་།རིམ་རྩིས་བྱས་ན་ཞིང་དུད་689ལ་སྐུལ་ཁྲིད་བྱས་པ་དང་།དེའི་གྲུབ་འབྲས་ཀྱིས་ཉེ་འཁོར་གྱི་རྨོ་ཞིང་མུའུ་4500ལ་ཁྱབ་འགྱེད་བྱས་ཡོད།

    ད་ལོའི་ཚུན་དུ་ཧོ་ཕིང་གྲོང་ཚོས་སྤུས་ཚད་ཐོན་སྐྱེད་ནུས་ཤུགས་གསར་བ་འཕེལ་རྒྱས་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ཏེ་ཐོན་ལས་མཉམ་སྡེབ་ལེགས་སུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ལས་ཆོད་ཆེ་རུ་ཤུགས་ཆེན་བཏང་ནས་ཀྲུང་ལུགས་སྨན་རྒྱུ་འཕེལ་རྒྱས་གཏོང་བའི་དཀའ་གནད་ཧུར་ཐག་སེལ་བ་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་དེ་ལག་རྩལ་གསོ་སྦྱོང་དང་རྫས་ལུད་ཀྱི་འགྱིག་ཤོག་སྲབ་མོ་ཚབ་ཉོ་བྱེད་པ། ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་དུད་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱས་ནས་འདེབས་འཛུགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བ་དང་།སྔོན་ཆད་ཀྱི་“རགས་ལས་རྣམ་པའི་སྐུལ་འདེད”ནས་“གནད་སྨིན་རྣམ་པའི་སྐུལ་ཁྲིད”ལ་འགྱུར་ལྡོག་བཏང་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུང་ཅན་ཀྲུང་གིས་ལོ་གང་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་ཀུང་སིས་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད།གཅིག་གྱུར་ཐོག་མྱུ་གུ་མཁོ་འདོན་དང་།འདེབས་འཛུགས།ཚུར་བསྡུ། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་དཔེ་དབྱིབས་ལ་བརྟེན་ནས་ཞིང་དུད་ཀྱི་འདེབས་འཛུགས་ཧུར་སེམས་ཆེ་རུ་བཏང་ཡོད།གོམ་སྟབས་རྗེས་མར་ཀུང་སིས་སེམས་ནུས་དེ་བས་མང་བ་སོན་མྱུག་གསོ་སྐྱོང་དང་།ལག་རྩལ་སྒྱུར་བཀོད།ལས་སྣོན་ཞིབ་ཚགས་སོགས་ཐོན་ལས་རིམ་སྤོར་ཐད་སྤྱད་དེ་གྲོང་མི་དང་མཉམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཚུན་མཐོ་གྲང་ཆུ་རགས་ཁུལ་གྱི་ཁྱད་ལྡན་ཀྲུང་ལུགས་སྨན་རྒྱུ་ཚད་ལྡན་ཅན་དང་ཚད་ལྡན་ཅན་འདེབས་འཛུགས་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་ས་བབ་མཐོ་བའི་ས་ཁུལ་གྱི་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་དང་འདུལ་སྦྱོང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཐོན་སྐྱེད།དེ་བཞིན་ཐོག་མའི་ལས་སྣོན་བྲིན་ཚོང་སོགས་ཀྱི་ལས་དོན་སྤེལ་རྒྱུར་འཚམ་པ་དང་།“ཀུང་སི+རྟེན་གཞི+ཞིང་དུད་”བཅས་ཀྱི་དཔེ་དབྱིབས་ལ་བརྟེན་ནས་རང་བདག་རྟེན་གཞི་མུའུ་820དང་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་མུའུ་1100 ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་མུའུ་2300ཁྱབ་གདལ་གཏོང་མཁན་ཁེ་ལས་སུ་འཕེལ་རྒྱས་ཕྱིན་ནས་ལོ་ལྟར་ངལ་ནུས་གཏོང་སྒོ་སྒོར་ཁྲི་100ཟིན་ཏེ་ཞིང་པའི་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་ཀུང་སི་དང་ཞིང་དུད་གཉིས་ཀར་ཕན་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།མིག་སྔའི་བར་ཡང་ཐང་གྲོང་རྡལ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་རྒྱ་ཁྱོན་མུའུ་4500ཡས་མས་ཟིན་ནས་ས་ཞིང་འཁོར་རྒྱུག་དང་ངལ་ནུས་འབབ་འཕར། མཉམ་ལས་མཉམ་ཁེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་འགྲོ་བའི་ཕྱུག་འགྱུར་ལམ་བུ་ཞིག་བཏོད་ཡོད།