ཁུལ་སྲིད་གཞུང་གིས་ཟླ་བ་རེ་ལ་ཞིབ་འཇུག་རེ་ཞེས་པའི་གྲོས་ཚོགས་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས་13ཉིན།   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་བསྔགས་བཅོལ་ལྟར།  ཁུལ་ཨུའི་རྒྱུན་ཨུ།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲའོ་ཅན་པིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཟླ་བ་རེ་ལ་ཞིབ་འཇུག་རེ་ཞེས་པའི་གྲོས་ཚོགས་གཙོ་སྐྱོང་བྱས་པ་དང་།  ཁུལ་ཡོངས་ཀྱི་རྣམ་གྲངས་སྐུལ་འདེད་དང་།  ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་པ་དང་བེད་མེད་དུ་བཞག་པའི་ས་ཆ་ཐག་གཅོད།  "ཟླ་རེར་བྱེད་སྒོ་ཡོད་པའི་"ཚབ་བྱེད་ལས་དོན།  ནོར་སྲིད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

        གྲོས་ཚོགས་ཐོག་ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་དང་རྫོང་(གྲོང་ཁྱེར་)གསུམ།སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་མིག་སྔའི་རྣམ་གྲངས་ལས་ཀ་སྐུལ་འདེད་གནས་ཚུལ་སྐོར་གྱི་སྙན་སེང་ཉན་རྗེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རྣམ་གྲངས་བཀོད་གཏོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་དོན་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

        གྲོས་ཚོགས་ཐོག་ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་པ་དང་བེད་མེད་དུ་བཞག་པའི་ས་ཆ་ཐག་གཅོད་ལ་ཞིབ་འཇུག་བྱེད་སྐབས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཆོག་མཆན་བཀོད་དེ་ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་པ་དང་བེད་མེད་དུ་བཞག་པའི་ས་ཆ་ཐག་གཅོད་བྱ་དགོས་པའི་ནན་བཤད་བྱས་པ་རེད།

        གྲོས་ཚོགས་ཐོག་"ཟླ་རེར་བྱེད་སྒོ་ཡོད་པའི་"ཚབ་བྱེད་ལས་དོན་ལ་ཞིབ་འཇུག་བྱེད་སྐབས་བྱེད་སྒོའི་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱས་ཏེ་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་པ་རེད།

        གྲོས་ཚོགས་ཐོག་ནོར་སྲིད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལ་ཞིབ་འཇུག་བྱེད་སྐབས་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་མཐུད་ཧུར་ཐག་བྱས་ནས་འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བརྩོན་ལེན་བྱ་དགོས་པའི་ནན་བཤད་བྱས་པ་རེད།

        གྲོས་ཚོགས་ཐོག་བདེ་ཆེན་ཁུལ་གྱིས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་ལ་ཞིབ་འཇུག་བྱེད་སྐབས་ཇུས་གཞི་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་གང་མགྱོགས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

        ཁུལ་གྱི་འགོ་ཁྲིད་ཡུས་ཀུའེ་ཧྥུན་དང་།ལིའོ་ཝེན་ཚེ།  ཞུས་ཀོང་ཏེ། ལིན་ཧའོ།  ལི་ཐའོ།  ཀྲོང་ཞའོ་ཕིང་སོགས་གྲོས་ཚོགས་སུ་ཞུགས།