རང་ཁུལ་གྱིས་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ནས་གནས་སྡོད་དང་འཚམ་པའི་ལས་རིགས་དང་མཛེས་སྡུག་འཆམ་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ན་ནིང་ནས་བཟུང་།རང་ཁུལ་གྱིས་“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དམངས་སེམས་ལས་གྲྭ་དང་།མཛེས་སྡུག་ལས་གྲྭ ཞིང་ལས་སྟོབས་ཆེར་གཏོང་བའི་ལས་གྲྭ་བཅས་སུ་བརྩིས་ནས་“གྲོང་ཚོ་མཛེས་པ་དང་།ལས་རིགས་དར་བ།མི་སེམས་མཐུན་པ”བཅས་ཀྱི་གནས་སྡོད་དང་ལས་རིགས་ལ་འཚམ་པ་དང་མཛེས་སྡུག་དང་འཆམ་མཐུན་གྱི་གྲོང་གསེབ་ཀྱི་བདེ་ཆེན་ལམ་བུ་ཧུར་ཐག་བཏོད་ཡོད།

    གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ།“ཡུལ་ཐོན་ཁྱད་ལྡན་ཐོན་རྫས་”ཀྱི་རྩོམ་ཡིག་ཡག་པོ་འབྲི་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་“གཅིག་ཅན་དྲུག”གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྒུན་འབྲུམ་དང་།ཀྲུང་ལུགས་སྨན་རྒྱུ།ཁྱད་ལྡན་སྒོ་ཕྱུགས་དང་ཁྱིམ་བྱ།བཟའ་བྱའི་ཤ་མོ་སོགས་གཙོ་གནད་ཐོན་ལས་ལ་དམིགས་ནས་ཐོན་ལས་གཅིག་དང་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ཡོད།རིགས་གཅིག་མཁས་ཅན་ཚོགས་པ་ཞིག་བཙུགས་ནས་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་དང་ནང་འདྲེན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚོང་གཉེར་སྟེགས་བུ་སོགས་སྐྲུན་ནས་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་བྱ་དགའི་ཁ་གསབ་བྱ་ཐབས་དོན་འཁྱོལ་བྱས་པ་རེད།ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་སྣེ་འདྲེན་རྟེན་གཞི་ཁག་གཅིག་བསྐྲུན་པ་དང་། སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་བཏང་།ད་ལོའི་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.94ཟིན་པ་དེ་དུས་མཚུངས་ལས་5.33%འཕར་ཡོད།

    གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ།གྲོང་ཚོའི་འཆར་འགོད་དོ་དམ་དང་།གྲོང་གསེབ་ཀྱི་ཁང་པ་རྒྱག་པའི་ཚད་ལྡན་དོ་དམ།གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ།གྲོང་གསེབ་འཚོ་བའི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། མིག་སྔར་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་183ལ་སྒྲིག་སྲོལ་མང་པོ་གཅིག་ཏུ་སྒྲིལ་བའི་ཉེར་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་གྲུབ་འབྲས་ལ་ཞིབ་མཆན་བཀོད་པ་དང་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད་པ་རེད།ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་(སྡེ་ཁུལ)197ལ་གྲོང་སྲོལ་དམངས་ཆིངས་དང་།སྒོ་མདུན་གྱི་“འགན་ལེན་གསུམ”“མིང་ཐོ་ནག་པོའི”ལམ་ལུགས་སོགས་ཡུན་ཕན་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཡོད།ཞིང་ཆེན་རིམ་པའི་ལྗང་མདོག་མཛེས་སྡུག་ལྡན་པའི་ཤང་དང་གྲོང་རྡལ་6དང་།ཞིང་ཆེན་རིམ་པའི་ལྗང་མདོག་མཛེས་སྡུག་ལྡན་པའི་གྲོང་ཚོ་6  ཁུལ་རིམ་པའི་ལྗང་མདོག་མཛེས་སྡུག་ལྡན་པའི་གྲོང་ཚོ་414་བཅས་གསར་འཛུགས་བྱས་ཡོད།

    གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཕྱིན་པ།“རྨང་གཞི་བརྟན་དུ་གཏོང་བའི”འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས་”ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།མིག་སྔར་ཁུལ་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་138་ཀྱིས་“སྐར་གསོག་ལམ་ལུགས”ཀྱི་དོ་དམ་འཁོར་སྐྱོད་བྱ་ཐབས་བཟོས་པ་དང་།སྲིད་འཛིན་གྲོང་ཚོ་31་གིས་“ཤང་གསར་མཁས་ཅན་”གྱི་དོན་གྲོས་ལམ་ལུགས་བཙུགས་པ།ཤང་དང་གྲོང་རྡལ་གྱི་གྲོང་ཚོ་3ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་བཅོས་སྐྱོང་དཔེ་མཚོན་གྱོད་གཞི་ཁག་གཉིས་པར་བདམས་ཐོན་བྱུང་བ་དང་།་གྲོང་ཚོ་2རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་ཁག་གསུམ་པར་བདམས་ཐོན་བྱུང་བ་རེད།