སྙི་བའི་མེ་ཏོག་བཞད་པས་གྲོང་མའི་གདོང་ལ་འཛུམ་གྱིས་ཁེངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་ཡོད་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་སི་ཁྲོན་སྙི་བ་ཚན་རྩལ་ཚད་ཡོད་ཀུང་སིའི་སི་ཁྲོན་སྙི་བ་རྟེན་གཞིའི་ནང་སྙི་བའི་མེ་ཏོག་རེ་རེ་བཞིན་བཞད་ཡོད་ལ་མཐོང་ན་སྤྲོ་བ་སྐྱེས་པའི་རྣམ་པས་ཁེངས་འདུག

    ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་སི་ཁྲོན་སྙི་བ་ཚན་རྩལ་ཚད་ཡོད་ཀུང་སི་2019ལོར་བཙུགས་ལ། མིག་སྔར་སི་ཁྲོན་སྙི་བ་འདེབས་འཛུགས་རྟེན་གཞི་མུའུ་300ལྷག་ཙམ་དང་ཚད་ལྡན་ཅན་གྱི་དྲོད་ཁང་172བཙུགས་ཡོད། གཙོ་བོ་སི་ཁྲོན་སྙི་བ་བྱས་པའི་ཀྲུང་ལུགས་སྨན་རྫས་ཀྱི་སོན་བཟང་གསོ་སྤེལ་དང་། སྣོད་བཅུད་འདེབས་འཛུགས། ལས་སྣོན་ཞིབ་ཚགས་དང་ཁྲོམ་རའི་ཚོང་གཉེར་བཅས་ཀྱི་ཐོན་ལས་ཡོངས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་ཐོན་ལས་ཅན་དུ་འགྱུར་བ་དང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

    2023ལོར་ཀུང་སིས་ཡང་ཐང་གྲོང་རྡལ་གྱི་ཞིང་དུད་100ལྷག་ཙམ་ལ་སྐུལ་ཁྲིད་ནུས་ལྡན་བྱས་ནས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱེད་པར་གྲོང་མི་མི་ཐེངས་2000འབྲེལ་ཡོད་ལ། ལས་ཞུགས་གོ་སྐབས་མི་ཐེངས་ཁྲི་2.6སྤྲད་པ། ལས་ཀའི་གྲོན་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི་260ལྷག་ཙམ་སྤྲད་པས། ས་གནས་དེ་གའི་གྲོང་མིའི་དཔལ་འབྱོར་ཡོང་འབབ་འཕར་ཡོད་ལ་རྩ་ཆེའི་སྨན་རྒྱུ་སི་ཁྲོན་གྱི་འདེབས་འཛུགས་ལག་རྩལ་ཡང་ཁོང་དུ་ཆུད་པ་རེད། “2021ལོར་ང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་སི་ཁྲོན་སྙི་བ་ཚན་རྩལ་ཚད་ཡོད་ཀུང་སིར་ལས་ཀ་བྱེད་པར་ཡོང་ནས་གཙོ་བོ་འདེབས་འཛུགས་རྟེན་གཞིའི་རྩྭ་ལྡུམ་མེད་པ་བཟོ་བའི་ལས་ཀའི་འགན་འཁུར་གྱི་ཡོད། ལོ་རེའི་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་གྱི་ཡོད། ཁྱིམ་དུ་ལས་ཀ་བྱེད་པར་ཡོང་འབབ་འགན་ལེན་ཡོད་པ་མ་ཟད། ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ་པས་ང་ཧ་ཅང་ཡིད་ཚིམས་ཀྱི་ཡོད”ཅེས་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་གྲོང་མི་ཚོགས་ཆུང་གི་ཚེ་རིང་ལྷ་མོས་བཤད།