གཟའ་མཇུག་གི་སྤྲོ་སྣང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    ཟླ་5པར་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། གཟའ་མཇུག་ཏུ་རྫོང་མཁར་གྱི་མཐའ་སྐོར་དང་གྲོང་གསེབ་ཏུ་རོལ་རྩེད་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་བྱུང་ཡོད།     སེམས་ཀྱི་ཉི་ཟླའི་རྗོང་མཁར་དང་བར་ཐག་སྤྱི་ལེ་37ཡོད་པའི་ཡང་ཐང་གྲོང་རྡལ་དུ་གནས་པའི་ཐོག་མེད་སྒར་ས་ཞིག་ཏུ་གཟའ་མཇུག་ལ་སྒོ་ཁར་རླངས་འཁོར་གྱིས་གང་ཡོད་ཅིང་། དེའི་ནང་གི་གྲལ་སྒྲིག་པའི་སྦྲ་གུར་དང་བོད་ཀྱི་རིག་གནས་ཉམས་ལེན་བྱེད་ས། ཁྱད་ཆོས་ལྡན་པའི་པར་ལེན་ས།  དྲི་ཞིམ་ཁྱབ་པའི་ཁ་ཧྥེའི་ཇ་ཁང་སོགས་ལ་གྲོང་མི་མི་ཉུང་བ་ཞིག་གིས་དགའ་བསུ་ཐོབ་ཡོད།

    ཉིན་འདི་དག་ལ་རི་ཀླུང་དང་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་བཞད་ཡོད་པ་མ་ཟད། གནམ་གཤིས་ཀྱང་ཡག་པོ་ཡོད་པས། ད་རིང་ངས་དུས་རྒྱུན་གྱི་ལས་ཀ་བཞག་ནས་བྱིས་པ་ཁྲིད་དེ་ཐོག་མེད་སྒར་ས་འདིར་བྱིས་པ་དང་མཉམ་དུ་བཟའ་ཆས་གྲ་སྒྲིག་བྱེད་པ་དང་། རི་འཛེག་ནས་རང་བྱུང་ཁམས་དང་ཉེ་བར་བཅར་བ། མི་རིགས་རིག་གནས་ཉམས་སུ་མྱོང་བ་སོགས་བརྒྱུད་ནས་གཟའ་མཇུག་སྐྱིད་པོ་ཞིག་བཏང་ཡོད་ཅེས་བྱིས་པ་དང་མཉམ་དུ་རི་འཛེག་བཞིན་གྱི་གྲོང་མི་ཀྲང་ལགས་ཀྱིས་འདི་ལྟར་བཤད་བྱུང་།