མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འབའ་བྲོས་ཡུལ་ནས་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་ལྔ་པའི་མཐའ་ཆུ་གྲོང་རྡལ་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པ་དང་རི་བོ་ཆེན་པོའི་ཟབ་སར་སྦས་པའི་འབའ་བྲོས་གྲོང་ཚོ་བག་ཕེབས་ཤིང་སྣང་བ་སྐྱིད། ལེ་བར་ཁྲི་ཡི་དྲོད་འཇམ་གྱི་བསིལ་རླུང་དལ་གྱིས་ལྡང་། ཡིད་དུ་འོང་བའི་སྤྲིན་དཀར་ཨ་སྔོན་དབྱིངས་སུ་ལྡིང་། མེ་ཏོག་རྣམ་པར་བཞད། རྩྭ་སྔོ་ལྡུམ་སེར་དལ་གྱིས་གཡོ། སྐྱེ་དངོས་ཐམས་ཅད་ཕུན་སུམ་ཚོགས་པའི་སྐབས་སུ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་བྲོས་གྲོང་ཚོར་སྐྱེ་ཁམས་འབའ་བྲོས་འཆམ་རྡོག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་། ཉེ་འགྲམ་རྫོང་བཞིའི་གྲོང་ཚོར་མཉམ་སྐྲུན་གྱི་རིག་གནས་འགྲེམས་སྟོན་བྱེད་སྒོ་སྐབས་བདུན་པ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་སྟེང་ཁྱོན་སྡོམ་ཤང་གྲོང་7དང་གྲོང་ཚོ་12ཞུགས་ཡོད་ལ། བྱེད་སྒོ་སྤེལ་ཡུན་ནི་དུས་ཡུན་ཉིན་3ཡིན།

        བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་དུ་གྲགས་པ་དང་། འཆམ་རྡོག་དང་། སྐོར་བྲོ། རལ་པ། པི་ཝང་། ཨ་ཁྲེ་མུའུ་ཀྭ   ཝ་ཆི་ཆི་སོགས་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་འཁྲབ་སྟོན་བྱས་པས་འབའ་བྲོས་མི་རིགས་ཁག་གི་བུ་ཕྲུག་དང་། ཉེ་འབྲེལ་གྲོང་གསེབ་ཀྱི་མི་དམངས་མང་ཚོགས་ཀྱི་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་རྣམ་པ་འཁྲབ་སྟོན་བྱས་ཡོད།

        སྔ་དྲོའི་ཆུ་ཚོད་10ཡི་ཐོག་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དེ་འཆམ་རྡོག་གི་ཆང་གཞས་གཏོང་འགོ་ཚུགས་པ་དང་། འགྱུར་ཁུག་བདེ་མོ་ལྡན་པའི་དབྱངས་རྟ་དེ་སྙན་ཞིང་འཇེབས་ལ་ཞིབ་ཅིང་ཕྲ་བའི་ཞབས་བྲོའི་སྟངས་སྟབས་དང་བསྟུན་ནས་བྱེད་སྒོ་སྤེལ་ཡུལ་དེ་མ་ཉིད་དུ་སྤྲོ་སྣང་ལྡན་པའི་རྒྱ་མཚོ་ཞིག་ཏུ་གྱུར་ཡོད། ཏང་ལ་བསྟོད་གླུ་ཡང་ཡང་ལེན་ཞེས་པའི་རྐྱང་གཞས་དང་། དམ་པ་ཀླུ་སྒྲུབ་ཀྱིས་འཁྲབ་སྟོན་བྱས་པ་མངོན་གསལ་དོད་ལ་འཁྲུག་ཆ་དོད་པོས་ལྟད་མོ་བ་རྣམས་མགྱོགས་མྱུར་ངང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་དགའ་སྤྲོའི་རྣམ་པའི་ཁྲོད་ཁྲིད་པ་དང་། མཐའ་ཆུ་གྲོང་ཚོའི་ཞབས་བྲོ་ཆེ་གྲས་ཀྱིས་རིག་རྩལ་འཁྲབ་སྟོན་དེ་བས་མཐོ་རླབས་སུ་སྐུལ་འདེད་བཏང་ཡོད།

        གླུ་དབྱངས་གཅིག་བླངས་མ་ཐག་ཞབས་བྲོ་གཅིག་ཡང་བསྐྱར་འཁྲབ་པ་དང་། སྐོར་བྲོ། པི་ཝང་། ཝ་ཆི་ཆི་བཅས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་རེས་མོས་ཀྱིས་གར་སྟེགས་སུ་ཞུགས་ཤིང་། སྤྲོ་སེམས་འཁོལ་བ་དང་། ཡང་ན་སྙན་འཇེབས་ལྡན་པའི་སྒོ་ནས་ཡུལ་དངོས་ཀྱི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཡང་ཡང་ཐོབ།  སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཐའ་ཆུའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རིག་གནས་སྣ་ཚོགས་མངོན་པར་བྱས་ཏེ། མཐའ་ཆུ་གྲོང་རྡལ་གྱི་འབྲེལ་མཚམས་ས་ཁུལ་གྱི་ཉེ་འབྲེལ་གྲོང་གསེབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།  དེ་དང་ཆབས་ཅིག་མི་དེ་བས་མང་བོས་སྐྱེ་ཁམས་འབའ་བྲོས་ངོ་ཤེས་པ་དང་། ས་གནས་དེ་གའི་མི་རིགས་རིག་གནས་ལ་དགའ་བོ་བྱུང་ནས་མི་རིགས་རིག་གནས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད།

        "ང་ཚོ་འབའ་བྲོས་གྲོང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེ་འབའ་བྲོས་ཀྱི་མི་ཞིག་ཡིན་པའི་ངོས་ནས་ངའི་དགའ་སྤྲོའི་བློ་སྤོབས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པ་དང་མཉམ་དུ། གྲོང་ཚོའི་ནང་སྔ་ས་ནས་ད་ཐེངས་ཀྱི་བྱེད་སྒོ་གྲ་སྒྲིག་བྱེད་འགོ་ཚུགས།  ང་ཚོའི་འཆམ་རྡོག་མི་དེ་བས་མང་བོར་སྟོན་ཐུབ་པར་ཚང་མ་ཧ་ཅང་དགའ་པོ་བྱུང་ཡོད། ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་དེས་མི་དེ་བས་མང་བོ་ཞིག་ང་ཚོ་འབའ་བྲོས་ལ་རྒྱུས་མངའ་ལོན་པ་དང་། འབའ་བྲོས་ལ་ངོས་འཛིན་ཐུབ་བྱུང་ཞེས་འབའ་བྲོས་གྲོང་ཚོའི་གྲོང་མི་བསོད་ནམས་རྒྱ་མཚོས་སེམས་འགུལ་ཐེབས་པའི་ངང་བཤད།

        “མཐའ་ཆུ་གསར་པ་དང་ལྔ་ཁུལ་གསར་པ”འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འབའ་བྲོས་གྲོང་ཚོའི་ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཞེས་པའི་ཆེས་མཛེས་སྡུག་ལྡན་པའི་མིང་བྱང་དེ་གཉིས་མུ་མཐུད་དྲིལ་བསྒྲགས་ཡག་པོ་བྱས་ནས། མངོན་མིན་ཤུལ་བཞག་རིག་གནས་ཀྱི་གྲས་ཤིག་ཡིན་པའི་འཆམ་རྡོག་དང་། དེ་བཞིན་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་གཞན་དག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་། ཉེ་འགྲམ་རྫོང་བཞིའི་གྲོང་ཚོར་མཉམ་སྐྲུན་བྱེད་སྒོ་སྐབས་བདུན་པ་ཡག་པོ་སྤེལ་ནས་ཉེ་འཁོར་གྲོང་ཚོ་དང་ཚོགས་ཆུང་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཚང་མར་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ནས་གྲོང་གསེབ་དར་རྒྱས་མངོན་འགྱུར་ཡོང་ཆེད་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱས་པས། དེ་རིང་ང་ཚོ་འབའ་བྲོས་གྲོང་ཚོས་སྐྱེ་ཁམས་འབའ་བྲོས་འཆམ་རྡོག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་། ཉེ་འགྲམ་རྫོང་བཞིའི་གྲོང་ཚོར་མཉམ་སྐྲུན་གྱི་རིག་གནས་འགྲེམས་སྟོན་བྱེད་སྒོ་སྐབས་བདུན་པ་སྤེལ་བ་རེད། དེ་དང་ཆབས་ཅིག་བྱེད་སྒོའི་ནང་དུ་ཞུགས་སུ་ཡོང་མཁན་སྐུ་མགྲོན་རྣམས་པས་ང་ཚོ་འབའ་བྲོས་གྲོང་ཚོའི་རིག་གནས་བྱ་གཞག་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། འབའ་བྲོས་གྲོང་ཚོའི་རིག་གནས་དར་རྒྱས་དང་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་རྩ་ཆེའི་བསམ་འཆར་དང་གྲོས་འགོ་འདོན་རྒྱུའི་རེ་བའང་ཆེན་པོ་བྱེད་ཀྱི་ཡོད་ཅེས་འབའ་བྲོས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཨ་བཟང་གིས་བཤད་པ་རེད།

        ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་པར་ཡོང་མཁན་ལྟད་མོ་བ་ཚོར་འབའ་བྲོས་གྲོང་ཚོའི་རིག་གནས་ཀྱི་སྟོན་མོ་ཞིག་ཚད་མེད་མྱངས་པ་དང་གོམ་སྟབས་རྗེས་མར་འབའ་བྲོས་གྲོང་ཚོས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ། དེ་བས་མཐོང་ཆེན་བྱས་ཏེ་འབའ་བྲོས་གྲོང་ཚོའི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཉེ་འགྲམ་གྲོང་ཚོ་དང་གྲོང་རྡལ་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།

        ཉེ་བའི་ལོ་ཤས་རིང་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་དང་རྒྱབ་སྐྱོར་འོག་མང་ཚོགས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི་རིག་རྩལ་རིག་གནས་བྱེད་སྒོ་མེ་ཏོག་མཉམ་བཞད་ལ། ཚང་མས་རལ་པ་དང་། པི་ཝང་། སྒོར་བྲོ་སོགས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་འཁྲབ་སྟོན་བྱས་ཏེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བས་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

        སྙན་འཇེབས་ལྡན་པའི་དབྱངས་རྟ་དང་མན་མའོ་ཡི་ཞབས་བྲོའི་སྟངས་སྟབས་ཁྲོད་དགའ་སྤྲོ་འཆམ་མཐུན་གྱིས་ཁེངས་ནས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་ལྟད་མོ་བ་རྣམས་ཀྱིས་ལྟད་མོ་ལྟ་ཡུལ་མང་བས་གང་ལ་ལྟ་དགོས་མི་ཤེས་པ་དང་། རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གྱོན་ཆས་ལྟ་ན་སྡུག་པ་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་ཀྱིས་མི་རྣམས་ཕྱིར་ལོག་མི་འདོད་པར་བྱེད་ཀྱི་ཡོད། འཁྲབ་སྟོན་མཇུག་རྫོགས་པའི་སྐབས་ཡོད། འཁྲབ་སྟོན་གྱི་ངོ་མཚར་ནི་ནམ་ཡང་མི་རྣམས་ཀྱི་སེམས་ནང་དུ་ཟུག་ཡོད་ཅིང་། འབའ་བྲོས་གྲོང་ཚོའི་འཆམ་རྡོག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་ཉེ་འགྲམ་རྫོང་བཞིའི་གྲོང་ཚོར་མཉམ་སྐྲུན་གྱི་རིག་གནས་འགྲེམས་སྟོན་བྱེད་སྒོ་སྐབས་བདུན་པ་མཇུག་འགྲིལ་རུང་སྐྱེ་ཁམས་འབའ་བྲོས་དང་། རིག་གནས་འབའ་བྲོས། ཞི་མཐུན་འབའ་བྲོས། མི་རིགས་མཐུན་སྒྲིལ་གྱི་འབའ་བྲོས་བཅས་ལ་ད་དུང་གཏམ་རྒྱུད་དེ་བས་མང་བོ་ཞིག་ཡོད་པར་ཚང་མས་འཚོལ་ཞིབ་དང་མྱོང་བར་བྱ་རྒྱུར་སྒུག་ཡོད།