ཕུགས་འདུན་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ལ་མགྲོན་པོ་རྣམས་ཀྱི་དགའ་བསུ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་27ཉིན།  "ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་—ཡུན་ནན་གྱི་ལེ་ཚན་"འགོ་ཚུགས་པའི་སྐབས་སུ་སྐུ་མགྲོན་མང་ཚོགས་470ལྷག་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེ་མོར་འཛོམས་ནས་མི་རིགས་ཀྱི་གླུ་གར་སྙན་ངག་ཟློས་གར་《ཕུགས་འདུན་·འཛམ་གླིང་གི་སེམས་ཀྱི་ཉི་ཟླ་》ཞེས་པར་མཉམ་དུ་གཟིགས་པ་རེད།

        《ཕུགས་འདུན་·འཛམ་གླིང་གི་སེམས་ཀྱི་ཉི་ཟླ་》ནི་ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས་བཏོད་པའི་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་མང་བའི་གླུ་གར་སྙན་ངག་ཟློས་གར་ཞིག་རེད།འཁྲབ་ཚན་གསོན་ཉམས་དོད་ལ་སྒྱུ་རྩལ་ལྡན་པའི་སྒོ་ནས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་བྱུང་བའི་བར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྗོད་པ་དང་བདེ་སྡོད་ལས་བརྩོན་དང་འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"མཛེས་སྡུག་ལྡན་པའི་རྣམ་པ་མངོན་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།

        འཁྲབ་སྟོན་མཇུག་འགྲིལ་རྗེས་མི་རིགས་ཀྱི་གྱོན་ཆས་སྣ་ཚོགས་གྱོན་པའི་མང་ཚོགས་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཚོས་ལག་གདང་སྦྲེལ་ནས་མེ་ཕུང་གི་མཐའ་བསྐོར་ཏེ་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་པ་དང་མཆོང་ལྡིང་བྱས་པ་རེད།