ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་—ཡུན་ནན་གྱི་ལེ་ཚན་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་28ཉིན།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་—ཡུན་ནན་གྱི་ལེ་ཚན་གྱི་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ་རེད།

        རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏང་ཙུའུ་ཡི་ཁོངས་མི་ཀུའོ་ཝེ་ཕིང་དང་།  ཡུན་ནན་ཞིང་ཆེན་གྱི་ཞིང་ཨུའི་རྒྱུན་ཨུ།  འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།  ཞིང་ཀྲང་གཞོན་པ་ཀྲང་ཀྲི་ལི།  བདེ་ཆེན་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་བཅས་འགོ་ཚུགས་མཛད་སྒོར་ཞུགས།

        ཀུའེ་ཝེ་ཕིང་གིས་གཏམ་བཤད་ཁྲོད་བསྟན་དོན།  ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་འཐབ་ཇུས་ལས་འགན་ཡིན་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་སྙིང་བཅུད་ཀྱི་དོན་སྙིང་དང་ནང་དོན་གཏིང་ཟབ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ལག་ལེན་ཁྲོད་འདུས་པའི་བསམ་པའི་གཞི་རྒྱུ་གདམ་གསེས་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཀྱི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གཟུགས་ལྡན་ཚོར་སྣང་ནུས་ལྡན་ཡོང་བ་བྱ་དགོས།  ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པ་དང་རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཐོག་ཏུ་འཁུར་ནས་ནང་དོན་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་རྣམ་པ་གསར་པ་གསར་གཏོད་བྱས་ཏེ་ཕན་འབྲས་གསར་པ་ཆེ་རུ་གཏོང་བ་དང་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

        ཀྲང་ཀྲི་ལི་ཡིས་ཤིས་ཚིག་ནང་བསྟན་དོན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཡུན་ནན་དུ་ཐེངས་འདིའི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་བ་ནི་ཡུན་ནན་གྱི་མི་རིགས་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་རེད། ཡུན་ནན་གྱིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས་མི་རིགས་ཀྱི་སྙིང་སྟོབས་དང་། དུས་རབས་ཀྱི་སྙིང་སྟོབས། ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཡུན་ནན་གྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་"མཉམ་དུ་བཞི་"ཡི་ཐུན་མོང་གི་དད་སེམས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་ཡག་པོ་བཅས་བྱ་རྒྱུ་ཡིན་པ་དང་།  "ཡལ་འདབ་རྒྱས་པའི་"འདུ་འགོད་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་གཏོད་པ་དང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་"མོས་སེམས་ལྔ་"རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས།  ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ།

        ལུའོ་ཁྲའོ་ཧྥེང་གིས་དགའ་བསུ་ཞུ་ཚིག་འབུལ་སྐབས།  བདེ་ཆེན་གྱི་ལག་ལེན་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཧ་ཅང་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་དང་ཏང་གི་མི་རིགས་སྲིད་ཇུས་ནི་ཧ་ཅང་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད།  ཐེངས་འདིའི་བྱེད་སྒོ་སྤེལ་བར་བརྒྱུད། བདེ་ཆེན་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར།  ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་འཛུགས་ངེས་རེད་ཞེས་བཏོན་པ་རེད།

        ཐེངས་འདིའི་བྱེད་སྒོས་"མཐུན་སྒྲིལ་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་"ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རིག་གནས་དྲིལ་བསྒྲགས་སི་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ལུས་རྩལ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ།  ཉིན་དེ་ནས་ཟླ་5པའི་ཚེས་31ཉིན་བར་རིག་རྩལ་འཁྲབ་སྟོན་དང་འགྲེམས་སྟོན། ལུས་རྩལ། ལྟ་ཀློག  གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་དང་གོམས་སྲོལ་བསྒྱུར་བ།  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

        ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་གི་མི་རིགས་ལས་དོན་སྡེ་ཚན་གྱི་འབྲེལ་ཡོད་བློ་མཐུན་བྱེད་སྒོར་ཞུགས་ནས་བདེ་ཆེན་ཁུལ་དང་ས་དམ་གྲོང་ཁྱེར་དུ་བསྐྱོད་དེ་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དང་སེམས་ཀྱི་ཉི་ཟླའི་མི་རིགས་སློབ་ཆུང་།  ས་དམ་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་བྱས་ནས་རང་རེའི་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱ་རྒྱུ་རེད།