ནོར་བུ་ཡིས་དབང་སྐྱོན་ཅན་པར་སྣེ་ཁྲིད་བྱས་ནས་མཉམ་དུ་ཕུགས་བསམ་ལ་སྙེག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་5པའི་ཟླ་དཀྱིལ་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཏུའུ་པྰ་གྲོང་ཚོའི་སྨན་རྫས་འདེབས་འཛུགས་རྟེན་གཞིར་ཞིང་པ་དང་གྲོང་མི་ཚོས་ཞིང་ནང་དུ་སྨན་རྫས་འདེབས་འཛུགས་བྱེད་བཞིན་ཡོད་པ་རེད། ནོར་བུའི་གདོང་ལ་འཛུམ་མདངས་མཐོང་བབའི་སྐབས་ཁོང་གིས་རྒྱུད་མྱོང་བའི་དཀའ་ཁག་མང་པོ་དང་ཁོང་ནི་དབང་པོ་སྐྱོན་ཅན་གྱི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཡིན་པ་བསམ་ཡུལ་ལས་འདས་པ་ཞིག་རེད།
    ནོར་བུའི་སྔོན་གྱི་མི་ཚེ་ནི་བདེ་བླག་ཅིག་མིན། ཁྱིམ་ཚང་དབུལ་པོ་ཡིན་པས་སློབ་ཆུང་མཐར་ཕྱིན་མ་བྱས་གོང་སློབ་མཚམས་བཞག་ནས་ཁྱིམ་དུ་སྦྲིད་ནད་ཕོག་པའི་ཕ་དང་མཉམ་དུ་ཞིང་རར་ནོར་འཚོ་བདང་སྣུམ་སྦྱང་བ། རི་སྐྱེས་འབུ་ཕྲ་དང་ཀྲུང་ལུགས་སྨན་རྫས་བརྐོ་བ་སོགས་ཀྱི་ཞིང་ལས་གཉེར་བ་རེད།

    ཁྱིམ་གྱི་དཔལ་འབྱོར་གནོན་ཤུགས་ཆུང་དུ་གཏོང་ཆེད། ནོར་བུ་ཡིས་ལུག་གསོ་བ་དང་། རི་སྐྱེས་འབུ་ཕྲ་ཉོ་བ། སྐྱེལ་འདྲེན་བཅས་ཚོད་ལྟ་བྱས། 2009ལོར་གློ་བུར་དུ་བྱུང་བའི་དོན་རྐྱེན་ཞིག་གིས་ཁོང་གི་རྐང་པ་གཅིག་ཤོར་སོང་། བདེ་ཐང་སླར་གསོའི་ལྟེ་གནས་སུ་སྨན་བཅོས་བྱེད་སྐབས། ཁོང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གསར་གཏོད་པ་འགའ་ངོ་ཤེས་ནས་བློ་སྒོ་ཕྱེ་ཡོད། སྨན་ཁང་ནས་ཕྱིར་བུད་རྗེས། ནོར་བུ་ཕ་ཡུལ་དུ་ལོག་ནས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་དང་དུས་མཚུངས་སུ་མུ་མཐུད་དུ་ལུག་གསོ་ཡོད།
2010ལོའི་དབྱར་ཁར་ནོར་བུ་ཡིས་མ་དངུལ་ཡོད་ཚད་སྤྱད་དེ་ལུག་40ཉོས་པ་དང་གསོ་སྤེལ་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁོ་ལ་རང་ཉིད་ཀྱི་གནས་བབ་དང་འདྲ་བའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བསམ་ཚུལ་སྐྱེས། དེ་ནས་ཁོང་གིས་རང་འགུལ་ངང་གྲོང་ཚོའི་ཡོང་འབབ་ཀྱི་ཡོང་ཁུངས་མེད་པའི་དབང་པོ་སྐྱོན་ཅན་ཁ་ཤས་གདན་དྲངས་ནས་རང་ཉིད་ལ་ར་མ་གསོ་སྤེལ་བྱེད་རོགས་བྱས་ཏེ། ཟླ་རེར་དུས་བཀག་ལྟར་ཁོང་ཚོར་གླ་ཕོགས་སྤྲད་ནས་ཁོང་ཚོར་ཡོང་འབབ་གཏན་འཇགས་ཤིག་ཐོབ་པ་རེད།

    2013ལོར་ནོར་བུ་ཡིས་སྣེ་ཁྲིད་དེ་“སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཝང་པུའུ་ཞོན་ཅན་གྱི་ར་ནག་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་”བཙུགས་པ་དང་དེའི་ནང་ཞུགས་མཁན་ནི་ཕ་ཡུལ་གྱི་དབང་པོ་སྐྱོན་ཅན་ཁྱིམ་ཚང་28ཡིན་པ་དང་། “མཉམ་ལས་ཁང་དང་ཞིང་དུད་”ཀྱི་རྣམ་པ་བརྒྱུད་མཉམ་ལས་ཁང་གིས་ཞིང་དུད་ལ་ར་ཕྲུག་མཁོ་འདོན་བྱེད་པ་དང་འབྲེལ་ཞིང་དུད་དང་ཉོ་སྒྲུབ་སྲུང་སྐྱོང་རིན་གོང་བཞག་ནས་མངགས་ཐོ་གསོ་སྤེལ་བྱས་པ་མ་ཟད། ད་དུང་ཞིང་དུད་ལ་རོགས་ཧུར་ཐག་བྱས་ནས་སྡོད་ཁང་ལེགས་བཅོས་དང་ལག་རྩལ་མཛུབ་ཁྲིད་ཀྱང་བྱས་པ་རེད། དུད་ཚང་དབུལ་པོ་རྣམས་ཀྱིས་གསོ་སྤེལ་བཟོ་གྲྭར་ཞོར་ལས་བྱས་པ་བརྒྱུད་ཁེ་བཟང་བརྟན་པོ་ཐོབ་ཡོད།

    2016ལོར་ནོར་བུས་མཉམ་ལས་ཁང་གི་སྣ་ཁ་ལེགས་བཅོས་རྟེན་གཞི་སྨི་ངོས་གྲུ་1300དང་། ལུག་ལུད་ལས་སྣོན་ཁང་གི་ཁང་པ་སྨི་ངོས་གྲུ་600གཟན་རྩྭ་ལས་སྣོན་བཟོ་ཁང་སྨི་ངོས་གྲུ་600བཅས་གསར་སྐྲུན་བྱས་ནས་གསོ་སྤེལ་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད། ལོ་ངོ་འགའི་ནང་དུ། ཝང་པུའུ་ཞོན་ཅན་གསོ་སྤེལ་མཉམ་ལས་ཁང་གི་ར་ནག་དེ་ཐོག་མའི་450ནས་མིག་སྔའི་2500ལྷག་ཙམ་ལ་སླེབས་པ་དང་། གསོ་སྤེལ་ར་བ་1ནས་5བར་རྒྱ་བསྐྱེད་པ་དང་། ཁོས་གཞི་ཁྱོན་ངེས་ཅན་གྱི་ར་མ་དེ་དུད་ཚང་རེར་25ཡི་རྣམ་པའི་ཐོག་ནས་གསོ་སྤེལ་བྱེད་འདོད་ཡོད་པའི་ཞིང་དུད་ལ་བགོས་ནས་ལོ་གཉིས་གསོ་སྤེལ་བྱས་ཆོག ལོ་གཉིས་ནང་དུ་ར་མ་དེ་དག་དཔེར་ན་བལ་དང་ར་ཕྲུག་ཞིང་དུད་རང་གིས་ཉར་ནས་ཡོང་འབབ་ཞིང་དུད་ལ་དབང་དུ་བཅུག ལོ་གཉིས་ཀྱི་རྗེས་སུ་རེའུ་ཕྲུག་དེ་དག་གསོ་སྤེལ་བྱེད་འདོད་ཡོད་པའི་ཞིང་པ་གཞན་གྱི་ཁྱིམ་ཚང་དུ་བསྐྱལ་ཡོད། དེ་ལྟར་བྱས་ན“འགྲིལ་འགྲིལ་རྣམ་པའི”རོགས་སྐྱོར་བྱས་ནས་ས་གནས་དེ་གའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དེ་བས་མང་བ་ལ་ཕན་པ་ཐོབ་ཡོད།
    2019ལོར་ནོར་བུས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རུན་ཏི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ནས“ཀུང་སི+ཞིང་དུན+མཉམ་ལས་ཁང་”གི་རྣམ་པ་སྤྱད་དེ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར་རྫོང་གཉིས་དང་གྲོང་ཁྱེར་གཅིག་གི་དབང་པོ་སྐྱོན་ཅན་ཁྱིམ་ཚང་དང་དེ་བཞིན་ཞིང་དུད་དཀྱུས་མའི་ཁྱིམ་ཚང་150ལྷག་ཙམ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དེའི་ནང་80%ནི་དབང་པོ་སྐྱོན་ཅན་ཁྱིམ་ཚང་ཡིན་པ་དང་དབང་པོ་སྐྱོན་ཅན་དེ་དག་ལ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཡོང་འབབ་རག་ཡོད་པ་རེད།