བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ལྟ་སྐུལ་བྱེད་བཞིན་དུ་སྒྱུར་བཅོས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    ཟླ5པའི་ཚེས27ཉིན་བར།བདེ་ཆེན་ཁུལ་ལ་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བདུན་པས་མང་ཚོགས་ལ་ཐེར་འདོན་དང་ཞུ་གཏུག་བྱ་རྒྱུར་བརྒྱུད་སྤྲོད་བྱས་པའི་འབོར་ཐེངས6གི་གྱོད་གཞི་9འབྱོར་བ་དང་། མིག་སྔར་ཚང་མ་དུས་ཚོད་ཀྱི་མཚམས་ཚིགས་ལྟར་སྒྲུབ་གཉེར་བྱས་པ་(འདིའི་ཁྲོད་གྱོད་གཞི་2སྒྲུབ་མཇུག་འགྲིལ་བ་དང་དུས་མཚམས་རང་བཞིན་གྱི་གྱོད་གཞི་3སྒྲུབ་མཇུག་འགྲིལ་བ་)མ་ཟད་འབྲེལ་ཡོད་སྒྲུབ་གཉེར་བྱས་ཚུལ་གྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱང་བྱས་པ་རེད།

    ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་བཅོས་སྒྲིག་གི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱས་པ།ལྟ་ཞིབ་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་ཡིག་ཆ་སྒྲུབ་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད་བདེ་ཆེན་ཁུལ་གྱིས་འབྲེལ་ཡོད་ཡིག་ཆ་བཟོས་ནས་པར་འགྲེམས་བྱས་ཏེ་སྡེ་ཚན་ཁག་གི་ལས་ཀའི་འགན་ནུས་དང་གོང་ཞུའི་དུས་བཀག་ཁ་གསལ་བཟོས་པ་རེད།  མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ཚང་མར་རེ་རེ་བཞིན་བརྟག་དཔྱད་ཞིབ་བསྡུར་དང་། གནས་ཚུལ་ངོ་མ་ཡིན་པ་སོ་སོར་ཁ་གསལ་བཟོ་བ་།གནས་ཚུལ་ངོ་མ་མིན་པའི་སྟབས་བདེའི་བསྡོམས་ཚིག་ལ་བརྟེན་ནས་མང་ཚོགས་ཀྱི་རེ་ཞུ་ཁས་མི་ལེན་པ་མི་ཡོང་བ་བྱེད་པ། འབྲེལ་ཡོད་སྡེ་ཁག་ལ་གནད་དོན་གྱི་རྒྱབ་ཕྱོགས་རྒྱུ་རྐྱེན་ལ་ཞིབ་དཔྱད་ནན་ཏན་བྱས་ཏེ་སྒྲུབ་གཉེར་དང་དག་ཐེར་ཡོ་བསྲང་ལས་ཀའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཚོད་དང་པོར་བཀོད་སྒྲིག་དང་དུས་ཚོད་དང་པོར་ཡུལ་དངོས་སུ་ཞིབ་དཔྱད་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་རྗེས་སྙེག་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཐེར་འདོན་ཡིག་ཆ་གཉེར་སྒྲུབ་ཀྱི་སྤུས་ཚད་འགན་ལེན་བྱས་པ་རེད། སྤྱིར་བཏང་གི་ཐེར་འདོན་ཡིག་ཆར་རྫོང་(གྲོང་ཁྱེར་)སྲིད་གཞུང་གི་འགོ་ཁྲིད་དང་དེ་བཞིན་ཁུལ་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་བརྟག་ཞིབ་མཛུབ་ཁྲིད་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དོན་དངོས་ཀྱི་ཁོངས་སུ་མི་གཏོགས་པ་དང་རྟགས་*ཡོད་པའི་གཙོ་གནད་ཐེར་འདོན་གོང་ཞུའི་ཡིག་རིགས་ལ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ལས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་།མཛུབ་སྟོན།ལྟ་སྐུལ་བཅས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཏེ་བསྒྲུབ་རྒྱུར་སྤྲོད་པ་གསུམདང་མཉམ་དུ་མིང་རྟགས་འགོད་པ་ལྔཡི་ལམ་ལུགས་ལག་བསྟར་བྱས་པ།དངོས་འབྲེལ་ལེགས་བཅོས་བྱས་ནས་མང་ཚོགས་ཀྱི་ཁས་ལེན་བྱེད་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས།གཙང་བཤེར་རྣམ་པའི་དོ་དམ་ལག་བསྟར་དང་འགེལ་རིས་དམག་འཐབ་བྱས་ཏེ་རྣམ་གྲངས་རེ་རེ་བཞིན་དབྱེ་ཞིབ་དང་སྐུལ་འདེད་གཏོང་བ་དང་འགུལ་རྣམ་རྗེས་འདེད་དང་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་བཅོས་སྒྲིག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།ཐེར་འདོན་ཡིག་ཆ་སྒྲུབ་གཉེར་བྱས་ཚུལ་ལ་རྫོང་(གྲོང་ཁྱེར)དང་།ཞིང་ཆེན་བཅས་རིམ་པ་གསུམ་གྱིས་ཕྱོགས་གཅིག་ནས་ལྟ་སྐུལ་བྱེད་པ་དང་ཕྱོགས་གཅིག་ནས་བཅོས་སྒྲིག་དང་མཉམ་ཞིབ་བྱེད་པ་དོན་འཁྱོལ་ནན་པོ་བྱ་དགོས།ཐེར་འདོན་གོང་ཞུའི་ཡིག་ཆ་ཚང་མ་སྒྲུབ་པར་དངོས་ཐོག་བདེན་འཚོལ་དང་།རིགས་དབྱེ་ཇུས་འདོན།ཡུལ་བབ་དང་བསྟུན་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།དོན་རེར་ཐབས་ཇུས་རེ་དང་དུས་ཐོག་ཏུ་སྒྲུབ་ཚར་བར་བྱ་དགོས།