ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་ལས་ཡུན་ནན་གྱི་ལེ་ཚན། ཉི་ཤར་ཤང་རྫ་ནག་ཞིབ་འཇུག་དར་སྤེལ་ལྟེ་གནས་སུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་29ཉིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོའི་ལྟ་སྦྱོང་ཚོ་ཆུང་གི་སྐུ་མགྲོན་རྣམས་ཉི་ཤར་རྫ་ནག་ཞིབ་འཇུག་དར་སྤེལ་ལྟེ་གནས་སུ་ཞུགས་ནས། ཞིབ་འཇུག་དར་སྤེལ་ལྟེ་གནས་ནང་གི་བཤམ་སྒྲོམ་ཐོག་བཤམས་པའི་མེ་གཞོང་། རྫ་ཁོག ཇ་རྫེའུ་སོགས་སྲོལ་རྒྱུན་གྱི་བོད་ལུགས་རྫ་ནག་སྣོད་ཆས་དང་གསར་གཏོད་འཆར་འགོད་བྱེད་པའི་ཕོར་བ། མེ་ཏོག་བུམ་པ་སོགས་བཟོས་རྫས་རྣམ་པ་སྣ་ཚོགས་ཀྱིས་སྐུ་མགྲོན་རྣམས་ཀྱི་མིག་དབང་བཀུག་ཡོད།

图片

        ཉི་ཤར་ཤང་གིས་དགེ་སློབ་རྒྱུད་འཛིན་ལ་ཧུར་ཐག་གིས་སྐུལ་མ་གཏོང་བ་དང་དམངས་ཁྲོད་བཟོ་གྲྭ་སྣེ་ཁྲིད་གསོ་སྐྱོང་བྱེད་པ། རྫ་ནག་བཟོས་རྫས་གསར་གཏོད་བྱེད་པ། འཚོང་གཉེར་རྣམ་པ་གསར་སྤེལ་བྱེད་པ། 2023ལོའི་བར་ཉི་ཤར་ཤང་ཡོངས་ཀྱི་རྫ་ནག་ཐོན་སྐྱེད་བྱེད་པའི་ཞིང་དུད་40ནས་108འཕར་བ། ལས་ཞུགས་མི་སྣ་45ནས་150ལྷག་ཏུ་འཕར་ཡོད། རྫ་ནག་བཟོས་རྫས་སྔོན་མའི་རྫ་ཁོག་དང་ཇ་རྫེའུ།མེ་གཞོང་སོགས་ཐོན་སྐྱེད་འཚོ་བའི་སྤྱོད་ཆས་ནས་མེ་ཏོག་བུམ་པ།ཆང་ཕོར་སོགས་སྣ་ཁ་80རུ་འཕར་ཡོད། ཉི་ཤར་རྫ་ནག་གི་འཚོང་ལམ་རྒྱུན་མཐུད་ཀྱིས་རྒྱ་ཆེར་སྐྱེད་ནས་རྒྱལ་ཁབ་ཕྱི་ནང་དུ་འཚོང་ཡོད་ལ། རྒྱལ་ལམ་214དང་གྲོང་མཁར་དུ་འཚོང་གཉེར་ཁང་ཡོད་པ་མ་ཟད། ད་དུང་ཐའོ་པའོ་དང་ཐན་མའོ་སོགས་གློག་རྡུལ་ཚོང་དོན་ལས་སྟེབས་སུ་འཚོང་ཡོད།

图片

        ཉི་ཤར་ཤང་གིས་རྫ་ནག་ཐོན་ལས་ལ་སྔོན་འདོན་དང་གསར་གཏོད་བྱས་ནས། བོད་རིགས་རྫ་ནག་བཟོ་རྩལ་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་ནུས་ལྡན་གྱི་རོགས་སྐྱོར་བྱེད་ཡོད་པ་དང་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་ཅེས་ལྟ་སྦྱོང་ཚོ་ཆུང་གི་ཁོངས་མི་ཧོ་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་མི་རིགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཧྲའོ་ཡ་ཝེ་ཡིས་འདི་འདྲ་བཤད་བྱུང་།