ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་ལས་ཡུན་ནན་གྱི་ལེ་ཚན། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་28ཉིན།  ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་བྱ་གཙོ་བོའི་བྱེད་སྒོའི་ལྟ་སྦྱོང་ཚོ་ཆུང་གི་སྐུ་མགྲོན་ཚོ་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ཕེབས་པ་དང་།  གསོན་ཉམས་ལྡན་པའི་འདྲ་པར་རེ་རེ་དང་ཞིབ་ཅིང་ཕྲ་བའི་ཡི་གེ་རེ་རེ་བཞིན་གྱི་ཐོག་ནས་སྐབས་དེ་དུས་དམར་དམག་བདེ་ཆེན་དུ་སླེབས་སྐབས་ཀྱི་གནས་ཚུལ་བརྗོད་ཀྱི་ཡོད།

        སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་རིམ་པ་བཞི་པའི་བརྟག་ཞིབ་པ་ལུའུ་གོ་པིན་གྱིས་དམར་པོའི་ལོ་རྒྱུས་དུམ་བུ་དེ་ཤེས་རྟོགས་བྱུང་རྗེས་བག་ཆགས་ཟབ་ཤོས་ནི་མི་རིགས་དར་རྒྱས་ཞེས་བྲིས་པའི་དམར་མདངས་བཀྲ་བ་དེ་ཡིན། དེའི་ནང་ཀྲུང་གོའི་བཟོ་ཞིང་དམར་དམག་དང་ས་གནས་དེ་གའི་མི་རིགས་ཁག་གི་སྤུན་ཟླའི་མཛའ་བརྩེ་ཟབ་མོ་འདུས་ཡོད་ཞེས་བཤད་པ་རེད།

        ལོ་མང་རིང་།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དམར་པོའི་ས་བོན་དེ་གར་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་གར་མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བ་དང་ལོ་དེའི་"མི་རིགས་དར་རྒྱས་བྱུང་བའི"སྨོན་འདུན་བཟང་པོ་དེ་དོན་དངོས་སུ་གྱུར་ཡོད།

        དངོས་མང་བཤམས་སྟོན་ཁང་ནང་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མཐའ་མཚམས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་ཞིག་རགས་བྲིས་བྱས་ཡོད།