ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་ལས་ཡུན་ནན་གྱི་ལེའུ་ཞེས་པ་བདེ་ཆེན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བརྗོད་བྱ་གཙོ་བོའི་རིག་གནས་བྱེད་སྒོ་ལས་ཡུན་ནན་གྱི་ལེའུ་ཞེས་པ་བདེ་ཆེན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་བསྐྱོད་པ། 

 ཟླ་5པའི་ཚེས་28ཉིན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོའི་ཧྲེན་ཁྲོན་ཐང་ཆེན་དུ་དུས་བཞིའི་བླ་འཕེལ་ལུང་པའི་མི་རིགས་མང་པོའི་ཞིང་ལས་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་ཡོད་པ་དང་། རིག་རྩལ་འཁྲབ་སྟོན་དང་། མངོན་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན། མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་མི་རྣམས་ཀྱིས་མིག་དབང་འདྲེན་པར་བྱེད། ཅ་མུའུ་ཁེ་སྣོད་བཅུད་བར་ཁྱམས་རིང་པོའི་ཐོག་འགྲེམས་སྟོན་པང་ལེབ་རེ་རེས་ཡུལ་སྐོར་བར་འབའ་ལུང་ཡུལ་གྱི་གནའ་ནས་ད་བར་གྱི་འཕེལ་རྒྱས་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་རེད། ཞིང་ལས་རིག་གནས་ཉམས་ལེན་བྱེད་སྒོའི་ཁྲོད་ལྗང་མྱུག་འཛུགས་པ་དང་།  བྱ་གག་འཛིན་པའི་འགྲན་བསྡུར་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་གནས་རང་གི་ཡུལ་མི་དང་ཡུལ་སྐོར་བ་མང་པོ་ཞིག་ལྟད་མོ་ལྟ་རུ་ཡོང་བའི་ཡིད་དབང་བཀུག་ཡོད།


ཉེ་བའི་ལོ་ཤས་རིང་མཐའ་ཆུ་གྲོང་རྡལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩིས་ནས་མང་ཚོགས་ཀྱི་འཚོ་བ་དང་། ལས་ཀ་སློབ་སྦྱོང།  རིག་གནས་རོལ་རྩེད་སོགས་རྒྱུན་གཏན་གྱི་ལྷུ་ཚིགས་ནས་འགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་རྡལ་འཛུགས་སྐྲུན་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས་གཏིང་ཟབ་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་ཡུལ་ལྗོངས་ཡག་པོ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་མདུན་ལམ་ཡག་པོ་ཞིག་ཏུ་བསྒྱུར་ཡོད།  མིག་སྔར་མཐའ་ཆུ་ནི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་རྡལ་100ཡི་གྲས་ཤིག་ཏུ་གཏན་འཁེལ་བྱས་པ་དང་སྔ་རྗེས་སུ་ཡུན་ནན་ཞིང་ཆེན་གྱི“ཤེས་དཔལ་ཤང་གྲོང”“མི་རིགས་རིག་གནས་ཁྱད་ལྡན་ཤང་གྲོང”“མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང”བཅས་ཀྱི་མཚན་སྙན་རབ་དང་རིམ་པ་ཐོབ་པ་དང་།  ཁ་བཏགས་གྲོང་ཚོ་སོགས་སྲོལ་རྒྱུན་གྲོང་ཚོ་མང་པོ་ཞིག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་མཛེས་ཤོས་སུ་བདམས་པ་རེད།