ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་རིང་བྱེད་སྒོ་འདི་དག་སྤེལ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་ཆར། 2024ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་ཀྱི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁུན་མིང་དུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བདེ་ཆེན་སེསམ་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དེ་ཟླ་6ཚེས་10ཉིན་ནས་ཟླ་6ཚེས་12ཉིན་བར་སྤེལ་རྒྱུ་ཡིན་པ་དང་། སེམས་ཀྱི་ཉི་ཟླའི་དྲ་ཐོག་སྒྲིག་འཛུགས་བྱས་ནས་སྤྲད་པའི་རིག་གནས་ཡུལ་སྐོར་གྱི་ལེགས་སྐྱེས་ཆེན་པོ་དང་དེ་བཞིན་བྱེད་སྒོ་རབ་དང་རིམ་པ་དེ་ཟླ་6ཚེས་25ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད།

    

    སྐབས་དེ་དུས་ས་གནས་དེ་གའི་རྩ་འཛུགས་ཀྱིས་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་། དམངས་ཁྲོད་སྒ་ཆས་འགྲེམས་སྟོན་དཔྱད་གཏམ། རྟ་རྩལ་འཁྲབ་སྟོན། མི་རིགས་བར་གྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། 

    ད་ལོའི་རྟ་རྒྱུག་འགྲན་བསྡུར་ནང་སྔོན་དཔག་བྱས་ན་རྟ་240ལས་བརྒལ་ཡོད་པ་དང་། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གིས་བདེ་ཆེན་ཁུལ་གྱི་ཤང་(གྲོང་རྡལ)ཁག་གི་རྟ་རྒྱུག་རུ་ཁག་དང་དམངས་ཁྲོད་རྟ་རྒྱུག་རུ་ཁག་ཕུད་ད་དུང་ཡུན་ནན་ས་དམ་དང་ཏ་ལི། ཁུན་མིང་། ཞི་ཧྲོང་པན་ན་སོགས་དང་དེ་བཞིན་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ནང་སོག་སོགས་ནས་ཡོང་བའི་རྟ་རྒྱུག་རུ་ཁག་གདན་འདྲེན་ཞུས་ཡོད། འགྲན་བསྡུར་རྣམ་གྲངས་ནི་སྨི་1000་དང་སྨི་3000 སྨི་5000བཅས་ཡིན་པ་དང་སྨི་1000་དང་སྨི་3000་གི་རྟ་རྒྱུག་(གོམ་སྟབས་)འགྲན་བསྡུར་དང་རྟ་རྩལ་འགྲན་བསྡུར་དེ་བཞིན་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མི་སྒེར་གྱི་རྣམ་གྲངས་ཏེ་མདའ་འཕེན་འགྲན་བསྡུར་ (སྐྱེས་པ་དང་བུད་མེད་)བཅས་ཡིན།