སྡོམ་འདི་འདྲ་ཞིག་ཤེས་རྟོགས་བྱུང་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-03   རྩོམ་ཁུངས།    人民网藏文版

        ཚེས་28ཉིན་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པས་ལྷོ་ནུབ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཝང་ལུའུ་ཡུས་ཀྱི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་27ཉིན་རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེ་རིག་པའི་ཁྱབ་ཁོངས་ཀྱི་སྐད་གྲགས་ཆེ་བའི་དུས་དེབ་《Zootaxa》ཞེས་པའི་ཐོག་རྩོམ་ཡིག་ཅིག་སྤེལ་ནས། བོད་ལྗོངས་ནས་འབྱོར་བའི་རྐང་ནར་སྡོམ་རིགས་3གྱི་ནང་ནས། མེ་ཏོག་ནས་ཡིན་པའི་རིགས་གསར་པ་གཉིས་ཚུད་ཡོད་པ་རེད། འདི་ནི་ཟླ་འདིར་བོད་ལྗོངས་མེ་ཏོག་ནས་སླར་ཡང་སྡོམ་རིགས་གསར་པ་རྙེད་ཚུལ་རེད།

        འདི་ལོའི་ཟླ་5ཚེས་8ཉིན། རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེ་རིག་པའི་སྐད་གྲགས་ཆེ་བའི་དུས་དེབ་གཞན་ཞིག་《ZooKeys》ཞེས་པའི་ཐོག་རྩོམ་ཡིག་སྤེལ་ནས། བོད་ལྗོངས་ནས་འབྱོར་བའི་གྲོད་ལེབ་སྡོམ་རིགས་6གླེང་བ་དེའི་ནང་རིགས་གསར་པ་5དང་མོ་རིགས་1གསར་རྙེད་བྱུང་བ་ཚུད་ཡོད། དེའི་ནང་སྡོམ་ཟླ་བ་ཨ་སི་དང་། མེ་ཏོག་གི་སྡོམ་རིགས་མཱ་ལི་གཉིས་གསར་རྙེད་བྱུང་བ་ཚང་མ་མེ་ཏོག་རྫོང་ནས་འཚོལ་བསྡུ་བྱས་པ་རེད།