《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་བགྲོ་གླེང་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-03   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།


ཞི་མཐུན་ཁྱིམ་གཞིས་དྲོན་མོ་རྡོག་པས་གཞལ། 

ལྷད་མེད་སེམས་ཀྱི་འཇིག་རྟེན་ཡིག་འབྲུས་སྲུང་།

图片

    ཞི་ཅིན་ཕིང་གི་རིག་གནས་བསམ་བློར་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐིལ་ཕྱིན་བྱ་ཕྱིར། རིགས་ཚོར་འདྲེས་མའི་སྤྲོས་བརྗོད་ཀྱི་ཀློང་ནས་ཀློག་པ་པོ་རྣམས་ལ་རིག་གནས་ཀྱི་ཤུལ་བཞག་དང་ཡུལ་དངོས་རེ་རེ་ཉམས་སུ་མྱོང་དུ་བཅུག  བོད་ཁམས་ཀྱི་རི་ཆུའི་རིག་གནས་རྗོད་བྱེད་ཀྱི་རྒྱུན་ལ་དྲངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་གཏོང་སླད། སྤྱི་ཟླ་6པའི་ཚེས་3ཉིན། མི་རིགས་ཀྱི་རྩོམ་རིག་དུས་དེབ་ཁང་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པ་པོའི་མཐུན་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གུང་དཀར་མཛེས་ཁུལ་དྲིལ་སྒྲོག་པུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་བྱས་པའི་ཕ་ཡུལ་དཀར་མཛེས་ཀྱི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱི་ལྷུག་རྩོམ་ཕྱོགས་སྒྲིག་《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་དཔྱད་གླེང་ཚོགས་འདུ་ཁྲིན་ཏུའུ་རུ་འཚོགས། ཨ་ལེགས་སོགས་རྒྱལ་ནང་གི་རིག་རྩལ་པའི་སྡེ་དང་། རིག་གཞུང་པའི་སྡེ། དཔེ་སྐྲུན་པའི་སྡེ། སྨྱན་སྦྱོར་བའི་སྡེ་སོགས་ནས་ཕེབས་པའི་ཆེད་མཁས་པ་བཅུ་ཕྲག་ལྷག་དང་འབྲེལ་ཡོད་འགོ་ཁྲིད་བཅས་མཉམ་གཅིག་ཏུ་འཛོམས་ཏེ། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སྐོར་གྱི་རྩོམ་རིག་མྱོང་རོལ་དང་། སྐད་ཆའི་སྒྱུ་རྩལ། བསམ་བློའི་ནང་སྙིང་། དུས་རབས་ཀྱི་རིན་ཐང་སོགས་ལ་དཔྱད་གླེང་གནང་། དེ་དང་ཆབས་ཅིག་ཏུ་མི་རིགས་ཀྱི་རྩོམ་རིག་གིས་དུས་རབས་གསར་པའི་འགན་འཁྲི་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོར་གཏོང་བའི་ཐད་ནུས་ཤུགས་འདོན་ཚུལ་སྐོར་ནས་ཀྱང་བགྲོ་གླེང་གནང་བ་རེད།

图片

《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ནི་གངས་དབང་བཀྲ་ཤིས་ཀྱིས་ལོ་ངོ་བཅུ་ཕྲག་ཉེ་བའི་རིང་མདོ་དབུས་ཁམས་གསུམ་རིག་པས་བསྐོར་བའི་རིག་གནས་ལྷུག་རྩོམ་སྐོར་གྱི་དེབ་རྒན་ཞིག་ཡིན་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དེབ་ཕྲེང་གསུམ་ཅན་གྱི་བདག་ཉིད་དུ་པར་དུ་བསྐྲུན། བརྩམས་ཆོས་ཧྲིལ་པོ་ནི་རྩོམ་པ་པོ་ལོ་མང་རིང་རི་ཆུའི་ཕང་བ་དང་། མི་རིགས་མཉམ་འདྲེས་ཀྱི་བར་ཁྱམས་འཕྲེད་བཅད་རི་རྒྱུད་བརྒལ་བའི་མྱོང་བ་དམིགས་བསལ་བ་དག་གཞིར་བྱས་ཏེ་བོད་ཡིག་གིས་བརྩམས་ཤིང་། ས་ཆ་དེ་དག་གི་ལོ་རྒྱུས་ཤུལ་བཞག་དང་རིག་གནས་ཀྱི་མཚོན་རྟགས། ལོ་རྒྱུས་མི་སྣ། སྐད་དང་དམངས་སྲོལ་སོགས་ཀྱི་རང་བཞིན་གསོང་བོ་ཇི་ལྟ་བར་བརྗོད་པའི་སྒོ་ནས་བྲིས་པ་ཞིག་རེད།

图片

དཔེ་ཆ་འདི་བརྩམས་གྲུབ་བྱུང་བ་ལ། ད་ལྟ་དཀར་མཛེས་ཚགས་པར་ཁང་དུ་ལས་ཀ་བྱེད་བཞིན་པའི་གངས་དབང་བཀྲ་ཤིས་ཁོ་རང་གིས་ལས་དང་སྐལ་བ་བཟང་པོར་སྙམ་གྱི་འདུག ཁོས་“བོད་ཡིག་ཏང་གི་ཚགས་པར་ཁང་དུ་ལས་སྒྲུབ་བྱས་པའི་བརྒྱུད་རིམ་ལས་ང་རང་ལ་གནའ་དེང་གི་ལོ་རྒྱུས་དང་། མི་སེམས་རྟོགས་པའི་གོ་སྐབས་རག་པ་དང་། ལོ་ངོ་བཅུ་ཕྲག་ལ་ཉེ་བའི་རྒྱུ་ཆ་འཚོལ་བསྡུ་དང་དཔེ་ཀློག ཡུལ་དངོས་རྟོག་ཞིབ་ལ་ཕྱིན་ཏེ་ས་དེ་གའི་ཡུལ་མི་སྤུན་ཟླ་རྣམས་དང་བགྲོ་གླེང་ཟབ་མོ་བྱས་པ་ལས། ངས་ལྷུག་རྩོམ་གྱི་རྩོམ་ཐབས་འདིའི་ལམ་ནས་ལོ་རྒྱུས་དང་རྩོམ་རིག དངོས་ཡོད་དང་རྟོག་བཏགས་ཟུང་དུ་སྦྲེལ་བའི་དེང་གི་བོད་ཁམས་ཀྱི་གཏམ་རྒྱུད་འདི་ཤར་མར་བཤད་པ་ཡིན་”ཞེས་ཟེར་ལ། ཁོས་ཡང་བསྐྱར་“ཞི་མཐུན་ཁྱིམ་གཞིས་དྲོན་མོ་རྡོག་པས་གཞལ། ལྷད་མེད་སེམས་ཀྱི་འཇིག་རྟེན་ཡིག་འབྲུས་སྲུང་”ཞེས་ཀྱང་བཤད་བྱུང་།

图片

གཞན་ཡང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས། གངས་དབང་བཀྲ་ཤིས་ཀྱི་བརྩམས་ཆོས་འདི་ནི་མི་དམངས་དང་ཐག་ཉེ་ཞིང་། དུས་རབས་དང་སྐྱེ་ཁམས་ཀྱི་འདུ་ཤེས་མཐུག་པ། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་སྣོད་བཅུད་རང་བཞིན་དྲང་པོར་བརྗོད་ཡོད་པ་མ་ཟད། ཁོའི་ཡིག་འབྲུའི་རྒྱུན་ཐག་རེ་རེར་མེས་རྒྱལ་ལ་ཐུགས་ཁུར་ཟབ་མོ་གནང་བའི་རྒྱལ་ཁབ་ཀྱི་ལ་རྒྱ་ལྡན་ཡོད། ལྷག་པར་དུ་ཁམས་ཕྱོགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་འབུར་དུ་ཐོན་ལ། དུས་རབས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་དྲན་པ་ཉར་བའི་བོད་ཡིག་བརྩམས་ཆོས་ཕུལ་བྱུང་ཡིན་པའི་སྐོར་ནས་བསམ་ཚུལ་ཞུས།

图片

图片

图片

图片