ཡུན་ནན་སྤྲེའུ་སེར་གྱིས་དབྱར་གྱི་དགའ་སྤྲོའི་དུས་རོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་ཡུན་ནན་སྤྲེའུ་སེར་ནི་འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་ཚོགས་དམར་མདོག་མིང་བྱང་ནང་གི་ཚར་ཉེན་ཆེ་བའི་སྲོག་ཆགས་རིགས་ཡིན་ལ། གཙོ་བོ་ཡུན་ནན་ནུབ་བྱང་རྒྱུད་དང་བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་མཐོ་གྲང་གདོད་མའི་ནགས་ཚལ་དུ་འཚོ་སྡོད་བྱས་པས“གངས་ལྗོངས་ཀྱི་རྣམ་ཤེས”ཞེས་འབོད་ཀྱིན་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞང་ཀུའུ་ཆིན་ཡུག་ཁུལ་དུ་ཡུན་ནན་སྤྲེའུ་སེར་གྱིས་ནགས་གསེང་དུ་ཡར་མར་རྒྱུ་ཞིང་། ཡང་ན་སྡོང་བོའི་ཡལ་གར་སྡོད་པ། ཡང་ན་ཕན་ཚུན་རྩེད་འཇོར་རོལ་ནས་དབྱར་གྱི་དགའ་སྤྲོའི་དུས་རོལ་བཞིན་ཡོད།