པདྨ་རི་བོ་ལ་སྟག་མ་མེ་ཏོག་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ལྔ་པའི་ཚེས་ལྔའི་གུང་གསེང་རིང་། 

ཁྱེད་རང་བདེ་ཆེན་ལ་ཕེབས་པའི་འཆར་གཞི་ཡོད་ན།

ངས་ཁྱེད་ལ་པདྨ་རི་བོ་འོས་སྦྱོར་བྱེད། 


སྤྱི་ཟླ་དྲུག་པའི་པདྨ་རི་བོར་སྟག་མ་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས་རེད། 

རི་བོ་འདིར་

རི་རྩེར་ཁ་བ་ཡོད་པ་དང་།

རི་རྐེད་དུ་མེ་ཏོག་རྣམ་པར་བཞད་པས་མེ་ཏོག་གི་རྒྱ་མཚོར་གྱུར་ཡོད།

ཁ་བ་དང་མེ་ཏོག་གིས་

དུས་ཚིགས་མ་འདྲ་བའི་གཉིས་

པདྨ་རི་བོ་ལ་མཉམ་འཛོམས་བྱུང་ཡོད།

མེ་ཏོག་གི་རྒྱ་མཚོ་འདིའི་ནང་དུ་གནས་ཚེ།

རྨི་ལམ་ལྟ་བུའི་འཇིག་རྟེན་ཞིག་ཏུ་སོང་བ་དང་འདྲ།

གོམ་པ་རེ་རེར་དགའ་སྐྱོ་ཟུང་འབྲེལ་དང་བསྟོད་བསྔགས་ཀྱིས་ཁེངས་ཡོད།

སྤྱི་ཟླ་དྲུག་པའི་བདེ་ཆེན་མཐོ་སྒང་དུ་

ག་ས་ག་ལ་མཛེས་ལྗོངས་ཡོད། 

གངས་རི། གྲོག་རོང་། མཚེའུ། རྩྭ་ཐང་བཅས་ཀྱང་ཧ་ཅང་མཛེས་སྡུག་ལྡན་པས། 

ཁྱེད་ཀྱིས་སེམས་ཀྱི་ཉི་ཟླའི་ཆེས་མཛེས་པའི་དུས་ཚིགས་གཏན་ནས་ཤོར་དུ་མ་འཇུག་རོགས