དེ་རིང་མིག་གཅེས་ཉིན་མོར་ཁྱེད་ལ་ཞུ་རྒྱུ་ཞིག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-06   རྩོམ་ཁུངས།    西藏日报藏文媒体

        2024ལོའི་ཟླ་6ཚེས་6ཉིན་ནི་རྒྱལ་ཡོངས་ཀྱི་མིག་གཅེས་ཉིན་མོ་ཐེངས་29པ་ཡིན་པ་དང་། ད་ལོའི་མིག་གཅེས་ཉིན་མོའི་བརྗོད་དོན་གཙོ་བོ་ནི་ཡོངས་ཁྱབ་ཏུ་གྱུར་པའི་མིག་གི་བདེ་ཐང་ལ་དོ་ཁུར་བྱེད་ཅེས་པ་དེ་རེད། 

        དེང་གི་ཆར་མི་མང་པོ་ཞིག་གིས་རྟག་ཏུ་གློག་ཀླད་སྤྱོད་པ་དང་ཁ་པར་ཡུན་རིང་ལྟ་བ་སོགས་བྱེད་པ་ལས་མིག་ཤེད་སྐྱོ་རུ་འགྲོ་ཡི་ཡོད། མིག་ཤེད་སྐྱོ་རུ་ཕྱིན་ན། ཅ་དངོས་རབ་རིབ་ལས་མི་མཐོང་བས་སེམས་བུག་དོག་ཏུ་འགྲོ་ཡི་ཡོད། མ་གཞི་མིག་ཤེལ་བརྒྱབ་ན་གནད་དོན་དེ་ཐག་གཅོད་ཐུབ་མོད། འོན་ཀྱང་མིག་ཤེལ་བརྒྱབ་ན་ལས་ཀ་དང་ལུས་སྦྱོང་སོགས་བྱེད་དུས་སྟབས་བདེ་པོ་དེ་ཙམ་མེད་པས། ང་ཚོས་རྣམ་ཀུན་ནས་མིག་ལ་གཅེས་སྤྲས་དང་མིག་ཤེད་མ་ཉམས་སྔོན་འགོག་སོགས་ཅི་ནས་ཀྱང་བྱེད་དགོས།

        གཤམ་གྱི་མིག་ཤེད་གསོ་སྟངས་ཀྱིས་མིག་ན་བ་དང་རྒྱང་སྒྲིབ་ཕོག་པ་སོགས་སྔོན་འགོག་བྱེད་ཐུབ་ལ། མིག་ཤེལ་ཏུའུ་500མན་རྒྱག་མཁན་ཚོའི་མིག་ཤེད་གསོ་བར་ཕན་པ་ངེས་ཅན་ལྡན་པས། ལས་ཀའི་ཞོར་རམ་ཡང་ན་དགོང་མོ་མ་ཉལ་གོང་ལ་ཐེངས་འགའ་བརྩེས་ན་ཕན་འབྲས་ཧ་ཅང་ཆེན་པོ་ཡོད།