2024ལོའི་ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་འགོ་ཁྲིད་ཚོགས་ཆུང་དང་ཁུལ་གྱི་སྤྱིའི་ཆུ་དཔོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ6པའི་ཚེས་5ཉིན།  2024ལོའི་ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་འགོ་ཁྲིད་ཚོགས་ཆུང་དང་ཁུལ་གྱི་སྤྱིའི་ཆུ་དཔོན་ཚོགས་འདུ་འཚོགས་པ།

        ཁུལ་ཨུའི་ཧྲུའུ་ཅི།ཁུལ་གྱི་སྤྱིའི་ཆུ་དཔོན་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་ཆུ་དཔོན་ལམ་ལུགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།

        ཚོགས་འདུའི་ཐོག་ཡིག་ཐོག་ནས་《ཡུན་ནན་ཞིང་ཆེན་གྱིས་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་ཀའི་གཙོ་གནད་》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2023ལོའི་ཁུལ་ཡོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་དང་། ཆུ་བོ་དང་མཚེའུ་དཔོན+ཉེན་རྟོག་དཔོན་པོའི་"ལས་ཀའི་གནས་ཚུལ། 2023ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཀྱི་ཆུ་བོ་མཚེའུ་དཔོན་ལམ་ལུགས་ཀྱི་ལས་ཀའི་གནས་ཚུལ། 2023ལོའི་ཞིང་ཆེན་གྱིས་ཁུལ་ཡོངས་ཀྱི་ཆུ་བོ་མཚེའུ་དཔོན་ལམ་ལུགས་ཀྱི་ལས་ཀའི་དཔྱད་ཞིབ་བྱས་འབྲས་དང་ཁུལ་གྱིས་རྫོང་(གྲོང་ཁྱེར་)གསུམ་གྱི་ཆུ་བོ་མཚེའུ་དཔོན་ལམ་ལུགས་ཀྱི་ལས་ཀའི་དཔྱད་ཞིབ་བྱས་འབྲས།  རྫོང་(གྲོང་ཁྱེར་)གསུམ་གྱི་སྤྱི་ཁྱབ་ཆུ་དཔོན་གྱིས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས་ཡོད།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།གནད་དོན་དག་ཐེར་ཡོ་བསྲང་དང་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུའི་ཡིག་ཆ་སྒྲུབ་གཉེར་དམ་འཛིན་ནན་པོ་བྱ་དགོས། ཆུ་ཁོངས་དང་མཚོ་རྒྱུད་ཀྱི་བར་སྟོང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆུ་ལོག་སྔོན་འགོག་གི་བདེ་འཇགས་མ་མཐའི་མཚམས་ཐིག་སྲུང་དགོས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ཏན་ཏིག་བྱ་དགོས། གཙོ་གནད་ཆུ་བོའི་དུམ་བུའི་སྐྱེ་ཁམས་རྒྱུག་ཚད་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་གནད་འཁེལ་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་བསྡུ་རུབ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། སྔོ་ལྗང་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས།

        ཚོགས་འདུའི་ཐོག་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རོགས་ལས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་འགན་ལེན་ལམ་སྲོལ་ལེགས་སུ་གཏོང་བ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ལྟ་ཞིབ་དཔྱད་ཞིབ་ནན་པོ་བྱས་ཏེ་ལོ་རྒྱུས་ལ་འགན་འཁུར་བ་དང་།མི་དམངས་ལ་འགན་འཁུར་བ། བདེ་ཆེན་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་ཕན་ནུས་ཆེ་རུ་བཏང་སྟེ་ཆུ་(མཚེའུ་)དཔོན་ལམ་ལུགས་ཀྱི་ལས་དོན་ཁག་ལེགས་གཏོད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  

        ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཤང་གྲོང་ཁག་ཏུ་འཚོགས་པ་རེད།