རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་6ཚེས་5ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།     ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བདེ་ཆེན་གྱི་ཆབ་སྲིད་དང་།    དཔལ་འབྱོར།    རིག་གནས།    སྤྱི་ཚོགས།    སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་དང་ཕན་ཚུན་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས་ཡོད།

   ཚོགས་འདུའི་ཐོག་ཁུལ་མི་དམངས་ཆོས་ལུགས་ཨུ་ལྷན་དང་རྫོང་གསུམ(གྲོང་ཁྱེར)གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་སྙན་སེང་ཞུ་རྒྱུ་ཡིན་པ་རེད།    

བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་ཉམས་མྱོང་དང་ཕན་འབྲས་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམིགས་ནས་ལས་དོན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོན་ཆེན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན་ཡོད། 

བཞུགས་མོལ་ཚོགས་འདུའི་ཐོག་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་ཚང་དུ་བཏང་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།     ཁྱབ་ཁོངས་ཁག་དང་ཟུར་ཚད་མང་པོའི་ཐོག་ནས་སྟེགས་བུ་བསྐྲུན་ཏེ་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་ཁྱོན་ཡོངས་ནས་འགྲོ་འོང་དང་ཟབ་མོ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།     དངོས་གནས་དྲང་གནས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དེ་བདེ་ཆེན་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་དངོས་སུ་ཐོན་ཐུབ་པ་བྱེད་དགོས།    

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྐལ་བཟང་རྣམ་རྒྱལ་ཚོགས་འདུར་ཞུགས་ཡོད།