ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་གྲ་སྒྲིག་ལས་ཀར་ཞིབ་བཤེར་དང་བཀོད་གཏོང་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་6ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཁུལ་མཐོ་རྒྱུགས་བཀོད་འདོམས་ལས་སྟེགས་སུ་སླེབས་ནས་ཁུལ་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་ལས་ཀར་ཞིབ་བཤེར་དང་བཀོད་གཏོང་གནང་བ།

图片

ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཁུལ་ཡོངས་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ད་ལོའི་མཐོ་རྒྱུགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་གསལ་པོ་ཤེས་ནས་སེམས་ཁྲལ་གྱི་འདུ་ཤེས་མཐོ་རུ་གཏོང་བ་དང་། མཐོ་རྒྱུགས་སྲིད་ཇུས་གསར་པའི་དྲིལ་བསྒྲགས་འགྲིལ་བཤད་ཡག་པོ་བྱས་ནས་རིགས་ཁག་གི་ཉེན་ཁ་ནུས་ཡོད་ཀྱིས་སྔོན་འགོག་དང་ཐག་གཅོད་བྱས་ནས་ད་ལོའི་མཐོ་རྒྱུགས་བདེ་འཇགས་དང་བདེ་བླག་བྱུང་བར་ཁག་ཐེག་བྱེད་དགོས།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཞིབ་ཕྲའི་སྒྲིག་འཛུགས་བྱས་ནས་ལས་ཀ་ཁག་སེམས་བསྒྲིམས་ངང་བཀོད་སྒྲིག་བྱེད་པདང་། ཁོངས་གཏོགས་ལས་ཁུངས་སོ་སོས་ནུས་ཤུགས་ཡོད་རྒུས་ཞབས་འདེགས་འགན་སྲུང་ལས་ཀ་ཡག་པོ་བསྒྲུགས་ནས་རྒྱུགས་ལེན་སློབ་མ་ལ་ཞབས་ཞུ་ལེགས་པོ་སྒྲུབ་དགོས།

ཁུལ་འགོ་ཁྲིད་ཡུས་ཀུའེ་ཧྥེན། པའོ་ཡུས་ཏུང་ཞུགས་ཡོད།