ཞིང་ཡོངས་ཞིབ་དཔྱོད་ལས་ཁུངས་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་6པའི་ཚེས་6ཉིན།ཞིང་ཡོངས་ཞིབ་དཔྱོད་ལས་ཁུངས་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་འདུ་བདེ་ཆེན་ཁུལ་ཞིབ་དཔྱོད་ཁང་དུ་འཚོགས་པ།

ཡུན་ནན་ཞིང་ཆེནཞིབ་དཔྱོད་ཁང་ཏང་ཙུའུ་ཧྲུའུ་ཅི།ཞིབ་དཔྱོད་འགོ་འཛིན་ཝང་ཀོང་ཧུའེ་ཚོགས་འདུ་ཞུགས་པ་དང་གསུང་བཤད་ཀྱང་གནང་བ།

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཤིས་ཚིག་གནང་བ།

    ཆེས་མཐོའི་ཞིབ་དཔྱོད་ཆབ་སྲིད་པུའུ་རུ་ཁག་འཛུགས་སྐྱོང་ཁྲིད་སྟོན་པུའུ་ཡི་པུའུ་ཀྲང་གཞོན་པ། རིམ་གཉིས་སྐོར་གཟིགས་པ་མེང་ཧྲོའུ་ཕིང་ཚོགས་འདུ་ཞུགས་པ་དང་གསུང་བཤད་ཀྱང་གནང་བ།

ཡུན་ནན་ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཞིབ་དཔྱོད་འགོ་འཛིན་གཞོན་པ་ལིའུ་ཙུང་ཀེན་གྱིས་གཙོ་སྐྱོང་གནང་བ།

    ཚོགས་འདུ་ཐོག  བདེ་ཆེན་ཁུལ་ཞིབ་དཔྱོད་ཁང་གིས་བོད་འབྲེལ་ས་ཁུལ་སྤྱི་ཡོངས་ལ་རོགས་སྐྱོར་ཐོབ་པར་སྤེལ་རེས་བྱས། ཁུན་མིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། ཆུས་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། ཡུས་ཞི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁ་གཏད་རོགས་སྐྱོར་ལས་དོན་གནས་ཚུལ་སྐོར་ལ་སྙན་སེང་ཞུས།

    ཝང་ཀོང་ཧུའེ་ཡིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཞིབ་དཔྱོད་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་བདེ་ཆེན་ཞིབ་དཔྱོད་གྱིས་ལས་འགན་སྒྲུབ་པར་སྤུས་དག་མཐོ་བའི་འཕེལ་རྒྱས་ཡོང་བར་རོགས་རམ་སྤྲོད་པ་དང་། ཞིབ་དཔྱོད་ལས་དོན་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ལ་ལངས་ཏེ་དུས་རབས་གསར་པའི་ཞིབ་དཔྱོད་ཁ་གཏད་རོགས་སྐྱོར་གྱི་དགོས་མཁོ་འགལ་བ་ནན་པོའི་ཐག་གཅོད་བྱེད་དགོས།

    ཝང་ཀོང་ཧུའེ་ཡིས་བླང་བྱ་བཏོན་དོན། རོགས་སྐྱོར་ཐོབ་པའི་ཞིབ་དཔྱོད་མི་སྣས་གྱོན་དོན་ཞིབ་གཅོད་བྱེད་ནུས་མཐོ་རུ་གཏོང་རོགས་བྱེད་པ།རང་འགུལ་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།ཁྲིམས་ལྟར་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས།བདེ་ཆེན་ལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་བར་ནུས་ཡོད་ཀྱི་ཁྲིམས་འཛིན་འགན་སྲུང་བྱེད་དགོས།

    ལུའོ་ཁྲའོ་ཧྥེང་གིས་ཤིས་ཚིག་གནང་སྐབས་བཤད་དོན།ཉེ་བའི་ལོ་ཤས་རིང་།རོགས་སྐྱོར་ཞིབ་དཔྱོད་ཁང་ཁག་གི་འགོ་ཁྲིད་ཀྱི་བདེ་ཆེན་དུ་ཞིབ་དཔྱད་དང་ཁྲིད་སྟོན་བྱས་པ།ཁ་གཏད་རོགས་སྐྱོར་ལས་ཀ་ལ་སྐུལ་འདེད་གཏོང་བར་ཇུས་འགོད་བྱས་ནས།ནུས་ཡོད་ཀྱིས་བདེ་ཆེན་ཞིབ་དཔྱོད་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཡོད།ང་ཚོས་ཞིང་ཨུའི་ནུས་ལྡན་འགོ་ཁྲིད་དང་།ཆེས་མཐོའི་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བྱམས་བརྩིའི་ཐུགས་ཁུར།ཧྲང་ཧའེ་གྲོང་ཁྱེར་དང་ཞིང་ཡོངས་སྤུན་ཟླའི་ཞིབ་དཔྱོད་ཁང་གིས་རོགས་སྐྱོར་ཤུགས་ཆེན་ཡོད་པ།བདེ་ཆེན་ཞིབ་དཔྱོད་མི་སྣ་ཡོངས་ཀྱི་འབད་བརྩོན་མདུན་སྐྱོད་བཅས་ཡོད་པས།བདེ་ཆེན་གྱི་ཞིབ་དཔྱོད་ལས་དོན་ངེས་པར་དུ་ལེའུ་གསར་པ་ཞིག་རྩོམ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།

    མེང་ཧྲོའུ་ཕིང་གིས་ནན་བཤད་གནང་དོན།གོམ་སྟབས་རྗེས་མར།རྒྱུན་མཐུད་ཀྱིས་ཞིབ་དཔྱོད་ལས་དོན་རོགས་སྐྱོར་ལེགས་པོ་སྒྲུབ་པ་དང་ལས་བྱེད་མི་སྣའི་སྤེལ་རེས་ཡག་པོ་བྱེད་པ།སྤེལ་རེས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཞིབ་དཔྱོད་རིག་གནས་རོགས་སྐྱོར་ནན་པོ་བྱེད་པ།ཆ་འཕྲིན་ཚན་རྩལ་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ།མ་དངུལ་རྣམ་གྲངས་རོགས་སྐྱོར་ཡག་པོ་བྱེད་པ།ཞིབ་དཔྱོད་ཁ་གཏད་རོགས་སྐྱོར་ལས་ཀའི་ཕན་ནུས་མཐོ་རུ་གཏོང་དགོས།

    ཉིན་དེའི་ཕྱི་དྲོར།ཚོགས་འདུར་ཞུགས་པའི་མི་སྣས་སྤེལ་རེས་གྲོས་བསྡུར་བྱེད་པ།རྗེས་མའི་ཁ་གཏད་རོགས་སྐྱོར་ལས་ཀར་བསམ་འཆར་དང་གྲོས་གཞི་བཏོན་པ།

    ཧྲང་ཧའེ་གྲོང་ཁྱེར་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་ལས་ཨུ་ཡོན་ཝུའུ་ཡུན་དང་དབྱང་ཕུའུ་ཆུས།པའོ་ཧྲན་ཆུས།ཅ་ཏིང་ཆུས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ནས་ཁྲིད་སྟོན་གནང་བ།

    བདེ་ཆེན་ཁུལ་འགོ་ཁྲིད་ཕེང་ཧྲན།དབྱང་ཞུའེ་ཝུན།ལིའུ་ཐན་མིན།རྫོང་གསུམ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ཚོགས་འདུར་ཞུགས་ཡོད།