བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་ཀྱི་ཕྲེང་བསྟར་བྱེད་སྒོ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


  

  ཟླ6པའི་ཚེས་10ཉིན2024ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་ཀྱི་ཕྲེང་བསྟར་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ལ་རྩ་ཐང་ནས་འགོ་བརྩམས་པ་རེད།   ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྟོད་གླུ་བླངས་ཡོད་ཅིང་།  ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་ཡུལ་སྐོར་བ་དང་མཉམ་དུ་སྲོལ་རྒྱུན་གྱི་དུས་ཆེན་རོལ་ནས་རླབས་ཆེན་གྱི་དུས་རབས་ལ་བསྔགས་བརྗོད་བྱས་ཡོད།    སྔ་དྲོའི་ཆུ་ཚོད་9སྟེང་གཟབ་ནན་ངང་རྒྱལ་དར་སྒྲེངས་པའི་མཛད་སྒོའི་ཁྲོད་བྱེད་སྒོ་དེ་འགོ་ཚུགས་པ་རེད།


    སེམས་ཀྱི་ཉི་ཟླའི་ཡར་ལ་བསྭོ་དམངས་ཁྲོད་རྟ་རྒྱུག་རོལ་རྩེད་ཁང་ནས་ཡོང་བའི་ཞོན་པ་ཚོས་རྟ་རྩལ་འཁྲབ་སྟོན་བྱས་པ་དང་དེ་རྗེས་སེམས་ཀྱི་ཉི་ཟླའི་རྟ་རྒྱབ་ཐོག་གི་ལོ་རྒྱུས་རིག་གནས་ཀྱི་རིག་རྩལ་ལེ་ཚན་དང་དེ་བཞིན་བདེ་ཆེན་གྱི་རྫོང་གསུམ་གྲོང་ཁྱེརགྱི་དམངས་སྲོལ་དང་རྒྱན་གོས་རིག་གནས་མཉམ་འདྲེས་བྱས་པའི་སྲོལ་རྒྱུན་གླུ་གར་ལས་སེམས་ཀྱི་ཉི་ཟླའི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།   འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་སྐབས་འཁྲབ་སྟོན་པ་དང་ལས་རིགས་མི་སྣ་ཡོངས་ཀྱིས་ལག་ཟུང་དམ་དུ་སྦྲེལ་ནས་ཐུན་མོང་ཐོག་མི་རིགས་ང་དྲུག་གིས་མཉམ་དུ་ཆང་གླུ་ལེན་པཞེས་པ་བླངས་ནས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་རི་མོ་གསར་བཞེངས་བྱས་ཡོད།