རྟ་མཆོག་གིས་བང་རྩལ་ངོམ་ལ་གླུ་གར་གྱི་རྒྱ་མཚོའི་ཁྲོད་དུས་ཆེན་ལ་རོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཟླ་6ཚེས་10ཉིན་སེམས་ཀྱི་ཉི་ཟླ་ནས་ཡོང་བའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལུས་ལ་རྒྱས་ཆ་སྤྲས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ལ་རྩ་ཐང་རྟ་རྒྱུག་ར་བར་མཉམ་འཛོམས་བྱས་ཏེ་དུས་ཆེན་ལ་རོལ་བ་རེད།

    ཉིན་དེར་གནམ་ན་སྤྲིན་པ་དལ་གྱིས་ལྡག་ལ་ཐང་ན་ཚོན་མདོག་བཀྲ་བའི་དར་ཆ་ལྷབ་ལྷུབ་བྱེད་བཞིན་ཡོད། སྔོ་ལྗང་རྩྭ་ཐང་ཐོག་གུར་དཀར་པོས་གང་ཡོད་ལ། སེམས་ཀྱི་ཉི་ཟླའི་མི་རིགས་ཁག་གི་མང་ཚོགས་ཀྱིས་གཉེན་ཉེ་དང་གྲོགས་པོ་དང་མཉམ་དུ་རྟ་རྩལ་འཁྲབ་སྟོན་ལ་ལྟ་བཞིན་རང་བྱུང་ཁམས་ཆེན་པོར་མྱོང་རོལ་བྱེད་བཞིན་ཡོད་ཁ་རེད། 

    ཁུལ་ནང་ཁུལ་གྱི་རྟ་རྒྱུག་འཐུས་མི་རུ་ཁག་དང་དེ་བཞིན་བདེ་ཆེན་མཐའ་འཁོར་གྱི་ཏ་ལི་ཁུལ་དང་། དཀར་མཛེས་ཁུལ། ལིའང་ཧྲན་ཁུལ་བཅས་དང་དེ་བཞིན་ནང་སོག་དང་བོད་ལྗོངས་སོགས་ས་ཁུལ་གྱི་འཐུས་མི་རུ་ཁག་གིས་མ་ཉིན་གསུམ་ནང་མྱུར་ཚད་འགྲན་བསྡུར་དང་སྲོལ་རྒྱུན་རྣམ་གྲངས་ཁག་གི་འགྲན་བསྡུར་གྱི་ཨང་དང་པོ་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།   

    རྟ་གཉིས་ཀྱི་གོང་ནས་ལངས་པ་དང་། རྟ་གཉིས་ཀྱི་སྒ་བརྒལ་བ། རྟ་གཉིས་མི་གསུམ།  རྟ་གོང་ལྡོག་ལངས་སོགས་འཁྲབ་སྟོན་གྱི་དཀའ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མི་དང་རྟ་གཉིས་མཐུན་སྦྱོར་ཚད་མཐོའི་འོག་བདམས་ཐོན་པ་ཚོས་རྟ་རྒྱབ་ཏུ་གླག་ཕོ་ཞིག་ལྡིང་ནས་ལྡིང་སྟངས་དང་འདྲ་བར་རྩལ་རྩེད་དང་ལུས་རྩལ་ལས་ཞན་པའི་བྱ་སྤྱོད་སྣ་ཚོགས་འཁྲབ་སྟོན་བྱས་ནས་བོད་རིགས་ཀྱི་དམིགས་བསལ་རྟའི་རིག་གནས་གང་ལེགས་མངོན་གྱི་ཡོད།  


    འགོ་ཚུགས་མཛད་སྒོའི་ཐོག་སེམས་ཀྱི་ཉི་ཟླ་ཡ་ལ་སོ་དམངས་ཁྲོད་རྟ་རྒྱུག་སྤྲོ་སྐྱིད་ཁང་གི་རྟ་རྩལ་འཁྲབ་སྟོན་གྱིས་འགྲན་བསྡུར་ལ་ཚ་དྲོད་བྱས་ནས་ལྟད་མོ་བ་ཚོའི་ཡི་ག་གང་ལེགས་འཕེལ་ཐུབ་པ་བྱུང་ཡོད། ཁུལ་མི་རིགས་གླུ་གར་ཚོགས་པའི་གླུ་གར་འཁྲབ་སྟོན་ལས་བདེ་ཆེན་རྟ་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་མངོན་ཡོད།