དུས་ཆེན་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་ཁྲི་35.64སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལྔ་པའི་ཚེས་ལྔའི་དུས་ཆེན་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་ཁྲི་35.64སྣེ་ལེན་བྱས།འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།  ལྔ་པའི་ཚེས་ལྔའི་དུས་ཆེན་རིང་བདེ་ཆེན་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི་35.64སྣེ་ལེན་བྱས་པ་དེ་རིམ་རྩིས་བྱས་ན་དུས་མཚུངས་ལས་6.13%འཕར་བ་དང་།ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་21586.54མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་10.23%འཕར་ཡོད་པ་རེད།

    2024ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ལ་རྩ་ཐང་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་སྐུ་མགྲོན་རྣམས་ས་གནས་དེ་གའི་མི་སེར་ཁྲི་ཚོ་དང་མཉམ་འཛོམས་བྱས་ཏེ་ཐུན་མོང་ཐོག་འཆམ་འཆམ་དུ་འགྲོ་བ་དང་། རྟ་རྒྱུགས་འགྲན་བསྡུར་ལ་ལྟ་བ་སོགས་བྱས་ནས་སེམས་ཀྱི་ཉི་ཟླ་ཆེས་མཛེས་སྡུག་ལྡན་པའི་དབྱར་གཞུང་ལ་མཉམ་དུ་རོལ། བསྡོམས་རྩིས་བྱས་པ་ལྟར་ན་ཚེས་7ཉིན་ནས་ཚེས་10ཉིན་བར་ལྕགས་ལམ་ཐད་འགྲུལ་པ་18844ཟིན་ཡོད།  

    སྤྱི་སྤྱོད་རླངས་འཁོར་ཐད་ལའང་ཆེད་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་ནས་རྟ་རྒྱུག་ཐང་དུ་བསྐྱོད་པ་དང་འབྲེལ་དྲ་རྒྱའི་ལས་སྟེགས་དང་སྤྱི་དམངས་ཨང་རྟགས་སོགས་སུ་འབྲེལ་ཡོད་རླངས་འཁོར་ཐེངས་གྲངས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ཕྱིར་སྐྱོད་ཞབས་ཞུ་ཡག་པོ་བསྒྲུབས་པ་རེད། མཛེས་ལྗོངས་ཁུལ་ཐད་བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་གིས་ཀྱང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྲོལ་རྒྱུན་རོལ་རྩེད་མཉམ་འགུལ་ཉམས་ལེན་དང་སྒར་རྒྱག་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་ནས་རྟ་རྒྱུག་འགྲན་བསྡུར་གྱི་ཚོགས་འདུ་གཟབ་རྒྱས་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ་ཡུལ་སྐོར་བ་བདེ་ཆེན་དུ་ཡུལ་སྐོར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།