ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་53པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས་12ཉིན།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་53པ་གཙོ་སྐྱོང་བྱས་ནས་འཚོགས་པ་རེད།

        གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གྱིས་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་ནན་བཤད་བྱས་དོན།  ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་སྔ་བས་མཐོ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གྱིས་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུའི་དགོངས་དོན་དོན་དུ་འཁྱོལ་དགོས་པ་དང་།ཡུལ་སྐོར་གྱིས་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་གྱིས་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

        གྲོས་ཚོགས་ཐོག་《 རྣམ་གྲངས་དམ་འཛིན་བྱས་ནས་མ་འཇོག་ལ་སྐུལ་འདེད་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་(ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་མ་ཟིན་)》  ལ་ཞིབ་འཇུག་དང་གྲོས་ཞིབ་གནང་སྐབས་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལས་ཀའི་འགན་འཁྲི་ཁག་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཏན་ཏིག་ཡག་པོ་བྱེད་དགོས། དུས་འགོའི་ལས་དོན་ཏན་ཏིག་སྒྲུབ་དགོས། རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བའི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས།

        གྲོས་ཚོགས་ཐོག་ད་དུང་འབྲེལ་ཡོད་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།

        ཧུའུ་ཧྥེ་ཞུང་དང་།  ཡུས་ཀུའེ་ཧྥུན།  ལིའོོ་ཝེན་ཚེ།  ཞུས་ཀོང་ཏེ།  ལིན་ཧའོ། ལི་ཐའོ།  ཀྲོང་ཞའོ་ཕིང་བཅས་གྲོས་ཚོགས་སུ་ཞུགས།