ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       ཟླ་6པའི་ཚེས་12ཉིན་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་ལས་རིགས་ཀྱི་དཔལ་འབྱོར་དམིགས་ཚད་ལེགས་གྲུབ་བྱུང་ཚུལ་གྱི་སྙན་ཞུར་ཉན་པ་དང་།མིག་སྔའི་དཔལ་འབྱོར་དུས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་དང་བཀོད་སྒྲིག་བྱས་པ་རེད།


 ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

  ཚོགས་འདུའི་ཐོག་བསྟན་དོན།རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།

       ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་དཔལ་འབྱོར་ལས་དོན་གྱི་གཙོ་གནད་དམ་འཛིན་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་དང་། འཛད་སྤྱོད་སྐུལ་སྤེལ་སྲིད་ཇུས་ལག་བསྟར་བྱས་ནས་འཛད་སྤྱོད་སྐུལ་སྤེལ་སྲིད་ཇུས་ཀྱི་བཀན་ཤིང་ནུས་པ་འདོན་སྤེལ་བྱས་ཏེ་ཕན་འབྲས་ཆེ་ཤོས་མངོན་འགྱུར་བྱ་དགོས། ཐོན་ལས་ཀྱི་སྒུལ་ཤུགས་གསར་པ་གང་མགྱོགས་སྒོས་ཆགས་པར་བྱེད་དགོས།

ཚོགས་འདུའི་ཐོག་སྡེ་ཁག་སོ་སོས་རང་རང་གི་འགན་འཁྲི་འཁུར་དགོས་པ་མ་ཟད།གཞོགས་འདེགས་དམ་ཟབ་དང་ནུས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་ཆེད་དོན་འཛིན་གྲྭ་སྐུལ་འདེད་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་འཇལ་ཏེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་ཡོད།


 ཧུའུ་ཧྥེ་ཞུང་དང་། ཡུས་ཀུའེ་ཧྥུན། ལེའོ་ཝུན་ཚའེ། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས་པ་རེད།