ཁུལ་དཔོན་ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བརྡ་ཁྱབ་ཀྱི་དཔེ་མཚོན་གྱོད་དཔེའི་ཐོག་ནས་གནད་དོན་དག་ཐེར་བྱས་ཚུལ་བརྟག་ཞིབ་དང་ལྟ་སྐུལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་6པའི་ཚེས་12ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་རེས་སྐོར་གསུམ་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དཔེ་མཚོན་གྱོད་དཔེ་ཁག་གསུམ་པའི་ནང་བསྟན་པའི་གནད་དོན་དག་ཐེར་བྱས་ཚུལ་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ཀྲང་ཝེ་ཏུང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རེས་སྐོར་གསུམ་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྟན་པའི་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་དང་འཕྲལ་ཤེས་འཕྲལ་བཅོས་བྱས་ནས་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཉིན་དེར་ཀྲང་ཝེ་ཏུང་དང་བཅས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་ཕེབས་ནས་བརྡ་ཁྱབ་ནང་བསྟན་པའི་ཨར་སྐྲུན་གད་སྙིགས་དོ་དམ་ཚོད་འཛིན་ཡག་པོ་མ་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་འབྲེལ་འབྲི་ཆུའི་སྟག་མཆོང་གྲོག་རོང་དུམ་བུས་ཆུ་ལམ་བཙན་བཟུང་དང་ཁྲིམས་འགལ་ངང་སྙིགས་རོ་བསྐྱུར་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་གསན་པ་རེད།

    ཀྲང་ཝེ་ཏུང་གིས་རེས་སྐོར་གསུམ་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་གནད་དོན་གྱིས་རང་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་གནས་པའི་ཞན་ཆ་དང་ཞན་ཆ་གསལ་སྟོན་བྱས་ཡོད་པས་ང་ཚོ་རྨོངས་གཉིད་ལས་སད་པ་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དག་ཐེར་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་པ་རེད།

    ཀྲང་ཝེ་ཏུང་གིས་བཅོས་སྒྲིག་ལས་དོན་ཐད་མཉམ་ཤུགས་ཆགས་པ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྒྲིག་ཇུས་གཞི་བཟོ་བ་དང་དུས་རིམ་ལ་ནན་པོར་གཞིགས་ནས་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་བཅོས་སྒྲིག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གྱོད་དཔེ་གཅིག་ལ་བརྟེན་ནས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཁུལ་གྱི་འགོ་ཁྲིད་ལིའོ་ཝུན་ཚའེ་དང་། ཞུས་ཀོང་ཏེ། ལི་ཐའོ། ཀྲོང་ཞའོ་ཕིང་བཅས་བྱེད་སྒོར་ཞུགས་པ་རེད།