རང་ཁུལ་གྱི་མཛེས་ལྗོངས་ཁུལ་མང་པོར་དམའ་འབྲིང་དང་མཐོ་འབྲིང་གི་རྒྱུགས་སྤྲོད་སློབ་མའི་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སློབ་མཐར་ཕྱིན་པའི་དུས་ལ་ཐོན་པ་དང་ཆབས་ཅིག་འབྲིང་རིམ་རྒྱུགས་སྤྲོད་སློབ་མ་དང་མཐོ་རིམ་རྒྱུགས་སྤྲོད་སློབ་མ་གཙོ་བོར་བྱས་པའི་སློབ་ཐོན་སྤྲོ་གསེང་ཡུལ་སྐོར་ལ་དགའ་བསུ་ཆེན་པོ་ཐོབ་ལ། རྒྱ་ཆེའི་སློབ་ཐོན་སློབ་མ་བདེ་ཆེན་དུ་སྐྱིད་སྣང་དོད་པོ་ཡོང་ཆེད་རང་ཁུལ་གྱི་མཛེས་ལྗོངས་ཁུལ་མང་པོས་གཅིག་རྗེས་གཉིས་མཐུད་ངང་ཡུལ་སྐོར་གཟིགས་སྐྱོང་གི་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད།

    པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་2024་ལོའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་རྒྱུགས་སྤྲོད་སློབ་མར་2024་ལོའི་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་འཁྱེར་ན་བརྒྱ་ཆའི་20ཡི་ཕབ་གཅོག་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག བྱེད་སྒོའི་དུས་ཚོད་ཟླ་བ་གཅིག་ཡིན་པ་སྟེ་ཟླ་6པའི་ཚེས་9་ཉིན་ནས་ཟླ་7པའི་ཚེས་9་ཉིན་བར་ཡིན་པ་རེད།

    2024ལོའི་འབྲིང་རིམ་དང་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་རྒྱུགས་སྤྲོད་སློབ་མ་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་དུ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་+ཕར་འགྲོ་ཚུར་འོང་གི་སྐས་འཛེག་སྤ་སེ་ཆ་ཚང་ཉོས་ཚེ་སྟག་མཆོང་འགྲོག་རོང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གོང་བཅག་བྱེད་སྒོའི་ཐོག་ཕར་འགྲོ་ཚུར་འོང་གི་སྐས་འཛེག་སྤ་སེ་བརྒྱ་ཆའི་50ཕབ་གཅོག་གི་བྱེད་སྒོ་ལོངས་སུ་སྤྱོད་རྒྱུ་ཡོད།ཐོག་མའི་རིན་གོང་སྒོར་45ཡིན་པའི་སྒོ་འཛིན་དེ་སྒོར་11.25བྱས་ནས་ཉོ་ཐུབ་པ་དང་ཐོག་མའི་རིན་གོང་སྒོར་70ཡིན་པའི་ཕར་འགྲོ་ཚུར་འོང་གི་སྐས་འཛེག་སྤ་སེ་དེ་སྒོར་35བྱས་ནས་ཉོ་ཐུབ་ཀྱི་ཡོད།དེ་དང་ཆབས་ཅིག་སྐབས་2024ཡི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མས་སྟག་མཆོང་གྲོག་རོང་སྒོ་འཛིན་+ཕར་འགྲོ་ཚུར་འོང་གི་སྐས་འཛེག་སྤ་སེ་ལ་བརྟེན་ནས་ད་དུང་ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཞིག་ཐོབ་རྒྱུ་རེད།

    2024ལོའི་འབྲིང་རིམ་དང་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་རྒྱུགས་སྤྲོད་སློབ་མས་ནང་མི་ཁྲིད་དེ་ཤམ་བྷ་ལ་དུས་འཁོར་བློས་བསླངས་གི་ལྗོངས་ཁུལ་དུ་ཡུལ་སྐོར་བསྐྱོད་ན་2024ལོར་ཤོག་བུའི་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་དང་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆའམ་ཡང་ན་གློག་རྡུལ་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་ཐོག་ཐོབ་ཐང་ལག་ཁྱེར་བསྣན་ཚེ་རྒྱུགས་སྤྲོད་སློབ་མ་དང་ནང་མི་ཚང་མས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད། 2024ལོའི་འབྲིང་རིམ་དང་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་རྒྱུགས་སྤྲོད་སློབ་མས་2024ལོར་ཤོག་བུའི་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་དང་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་གྱི་བསྐྱར་དཔར་ཡིག་ཆའམ་ཡང་ན་གློག་རྡུལ་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་ཐོག་ཐོབ་ཐང་ལག་ཁྱེར་བསྣན་ནས་ཁ་བ་དཀར་པོའི་ལྗོངས་ཁུལ་དུ་རིན་མི་དགོས་པར་མི་རིགས་ཀྱི་གྱོན་ཆས་བོགས་གཡར་བྱས་ནས་པར་བརྒྱབ་སྟེ་བྱང་བུ་རྒྱག་ཆོག་པ་དང་མི་རེར་གྱོན་པ་ཆ་ཚང་རེ་གཏན་འཁེལ་བྱས་ནས་ཆུ་ཚོད་2ནང་ཚུན་དུ་རིན་མི་དགོས་པ་དང་དུས་ཚོད་ཡོལ་ཚེ་འགྲོ་གྲོན་འཕར་མ་བསྡུ་དགོས་ཀྱི་ཡོད།