ཁུལ་ཡོངས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་ཁུལ་ཨུའི་སྐབས་དགུ་པའི་སྐོར་ཞིབ་འབོར་ཐེངས་དགུ་པའི་སྐུལ་སློང་བཀོད་སྒྲིག་ཚོསག་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་13ཉིན་གྱི་ཕྱི་དྲོར།ཁུལ་ཡོངས་སྐོར་ཞིབ་ལས་དོན་དང་ཁུལ་ཨུའི་སྐབས་དགུ་པའི་སྐོར་ཞིབ་འབོར་ཐེངས་དགུ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་དུ་འཚོགས་པ།ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཟབ་ཏུ་གཏོང་བ།སྐོར་ཞིབ་ལས་དོན་གྱི་ནུས་ཤུགས་འདོན་སྤེལ་བྱེད་པ།ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་འགན་སྲུང་བྱེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

    ཚོགས་འདུའི་ཐོག་བསྟན་དོན།  ཉེ་བའི་ལོ་འགའི་རིང་།ཁུལ་ཨུས་བྱེད་པོའི་འགན་འཁྲི་འཁུར་ནས་སྐོར་ཞིབ་ལས་དོན་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་དང་ཁུལ་ཡོངས་སྐོར་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་སྐོར་ཞིབ་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས།སྐོར་ཞིབ་ལས་དོན་རྒྱུན་འཁྱོངས་ཁྲོད་འཕེལ་རྒྱས།འཕེལ་རྒྱས་ཁྲོད་ཟབ་ཏུ་གཏོང་བ།སྐོར་ཞིབ་ལས་དོན་གྱི་ཆབ་སྲིད་ལྟ་སྐུལ་དེ་བས་ནུས་ཤུགས་ལྡན་པ།ཞབས་འདེབས་ཁོར་ཡུག་དེ་བས་ཕན་ནུས་ཡོད་པ།གོང་འོག་མཉམ་སྒུལ་དེ་བས་འཐུས་སྒོ་ཚང་བ།བཅོས་སྒྲིག་དེ་བས་ནན་པོ་བྱུང་ཡོད་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟབ་ཏུ་གཏོང་བ་དང་བཟོ་བཅོས་གསར་པའི་《ཀྲུང་གོ་གུང་ཁྲན་ཏང་སྐོར་ཞིབ་ལས་དོན་སྲོལ་ཡིག》དོན་འཁྱོལ་མཐར་ཕྱིན་བྱེད་པ།དབང་ཆ་དང་ལས་འགན་ལ་དམ་འཛིན་བྱེད་པ།སྐོར་ཞིབ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་དངོས་ཕན་འཚོལ་བ།སྐོར་ཞིབ་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ།སྐོར་ཞིབ་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མཐུད་ཀྱི་མཐོ་རུ་གཏོང་ནས།ཁུལ་ཨུའི་སྐབས་དགུ་པའི་སྐོར་ཞིབ་གོ་རིམ་ལྡན་པའི་སྤེལ་ཐུབ་པར་ཁག་ཐེག་བྱེད་དགོས།

    ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་།ཁུལ་ཨུའི་སྐོར་ཞིབ་ལས་དོན་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཐེངས་འདི་སྐོར་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་།ཙུའུ་ཀྲང་གཞོན་པ་ལ་དབང་ཆ་གནང་བ་དང་ལས་འགན་བགོས་བའི་གཏན་འབེབས་ཁྱབ་བསྒྲགས་བྱས།

    ཁུལ་འགོ་ཁྲིད་ལིའུ་ཐན་མི།ཀྲང་ལི་ཅུན།ཧོ་ཞེའུ་ཐའོ་ཚོགས་འདུ་ཞུགས།