ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་དབྱར་རྩྭ་དགུན་འབུ་རི་བོར་བརྟག་ཞིབ་གནང་སྐབས་ཡང་འབད་བསྐྱར་འབད་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་དབྱར་རྩྭ་དགུན་འབུ་རི་བོར་ཕེབས་ནས་ཞི་མཐུན་མཐའ་མཚམས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།ཁོང་གིས་དཀའ་སྤྱད་འབད་འཐབ་ཀྱི་ལས་ཀའི་སྤྱོད་ཚུལ་མུ་མཐུད་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་ཀྱིས་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ནས་ད་ལོའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་བརྟག་ཞིབ་ནང་ཞུགས་པ།

    རྒྱལ་ཁའི་དབྱར་རྩྭ་དགུན་འབུ་རི་བོར་བཅའ་སྡོད་བཀོད་འདོམས་པུའུ་རུ་ལུའོ་ཁྲའོ་ཧྥུང་གིས་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གི་ཚབ་ཞུས་ནས་དབྱར་རྩྭ་དགུན་འབུ་རི་བོའི་འཐབ་ས་དང་པོར་བཅའ་སྲུང་བྱེད་མཁན་ལས་བྱེད་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་ཞུས་པ་དང་ཚང་མས་ཞི་མཐུན་མཐའ་མཚམས་འཛུགས་སྐྲུན་ཐད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཧྲེང་ལི་དབྱར་རྩྭ་དགུན་འབུ་རི་བོར་བཅའ་སྡོད་བཀོད་འདོམས་པུའུ་རུ་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་དབྱར་རྩྭ་དགུན་འབུ་རི་བོའི་འཐབ་ས་དང་པོར་བཅའ་སྲུང་བྱེད་མཁན་ལས་བྱེད་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་ཞུས་པ་དང་ཚང་མས་ཞི་མཐུན་མཐའ་མཚམས་འཛུགས་སྐྲུན་ཐད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་མཐའ་འཁོར་ས་ཁུལ་དབར་ཞི་མཐུན་མཐའ་མཚམས་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་ད་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རིམ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མང་ཚོགས་ལ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་དགོས། འཐབ་ཕྱོགས་དང་པོའི་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་ལས་གནས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ་ཞབས་ཞུ་འགན་ལེན་དང་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པའི་དུས་ཚིགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྒྱུའི་འགན་ལེན་བྱེད་དགོས།ཁྱིམ་མཚེས་ས་ཁུལ་དང་འབྲེལ་གཏུག་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ཆོད་པའི་ཡུན་ཕན་ལམ་སྲོལ་འཛུགས་པ། འཆམ་མཐུན་གྱི་མཐའ་མཚམས་མཉམ་གྲོས་མཉམ་སྐྲུན་བཅས་བྱ་དགོས།འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་སེམས་ནང་ཟུག་པ་དང་རང་རྟོགས་ངང་ཐུན་མོང་ཐོག་བརྩི་སྲུང་ཞུ་ཐུབ་པ་བྱེད་དགོས།མཐའ་མཚམས་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་ཡག་པོ་བྱས་ཏེ་མཐའ་མཚམས་ས་ཁུལ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་།ཁྲེན་ཆུན།དབྱང་ཞུའེ་ཝུན།པའོ་ཡུས་ཏུང་བཅས་བརྟག་དཔྱད་ཞིབ་འཇུག་ལ་ཞུགས།