ཁྲག་ཚད་ལ་ཤིན་ཏུ་ཕན་པའི་སིལ་ཏོག་རིགས་གཉིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཁ་དཔེར་ལ།ཉིན་རེར་སིལ་ཏོག་ཀུ་རེ་གཅིག་རེ་ཟོས་ན་སྨན་པ་འཚོལ་མི་དགོས་ཞེས་བདེ་ཐང་ལ་ཕན་པའི་སྐད་ཆ་ཞིག་བཤད་སྲོལ་ཡོད།    ཞིབ་འཇུག་གསར་ཤོས་ཤིག་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲག་ཤེད་མཐོ་བའི་ནད་པའི་ངོས་ནས་བརྗོད་ན། སིལ་ཏོག་རིགས་གཉིས་མང་ཙམ་ཟོས་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཆུང་དུ་འགྲོ་ཐུབ་ཀྱི་ཡོད་པ་ཤེས་ཡོད།

    2024ལོར་ཏ་ལེན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པ་སོགས་སྒྲིག་གཞི་མང་པོའི་ཞིབ་འཇུག་མི་སྣས་《འཚོ་བཅུད་རིག་པའི་མདུན་ལམ》ཞེས་པའི་དུས་དེབ་ཐོག་བཀོད་པའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན།  སིལ་ཏོག་ངང་ལག་དང་ཀུ་ཤུ་མང་ཙམ་ཟོས་ན་ཁྲག་ཤེད་མཐོ་བའི་ནད་པའི་རྐྱེན་ངན་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་།  སིལ་ཏོག་རིགས་གཉིས་མཉམ་དུ་ཟོས་ན་ལྷག་པར་ཕན་ཐོགས་ཆེ་བ་ཤོས་ཡོད་པ་རེད།

ཞིབ་འཇུག་དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་བདེ་ཐང་དང་འཚོ་བཅུད་ཞིབ་བཤེར་བརྟག་དཔྱད(NHANES)གཞི་གྲངས་མཛོད་ནང་གི་ཁྲག་ཤེད་མཐོ་བའི་ནད་པ་2480ལ་གཞིགས་ནས་ལོ་10ཡི་རིང་རྗེས་འདེད་འདྲི་གཅོད་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ཞིག་རེད། ཞིབ་འཇུག་དང་འབྲེལ་བའི་སིལ་ཏོག་ལ་ཀུ་ཤུ་དང་། ལི། ངང་ལག  པོ་ལོ་དང་རྒུན་འབྲུམ་བཅས་འདུས་ཡོད།


    ཞིབ་ཕྲའི་གནས་ཚུལ་ཐོག་ནས་བཤད་ན། ཀུ་ཤུ་ཟ་རྒྱུ་ཉུང་ཉུང་ཡིན་པའི་མི་དང་བསྡུར་ན། གཟའ་འཁོར་རེར་ཀུ་ཤུ་ཐེངས་3ནས་6བར་ཟོས་ན་ཁྲད་ཚད་ཀྱིས་འཚི་བའི་ཉེན་ཁ་40%ཇེ་དམའ་རུ་འགྲོ་བ་དང་འབྲེལ་བ་ཡོད། ངང་ལག་ཟ་རྒྱུ་ཉུང་བའི་མི་དང་བསྡུར་ན། གཟའ་འཁོར་རེར་ངང་ལག་ཐེངས་3ནས་6བར་ཟོས་པའི་མི་དང་བསྡུར་ན།  ཁྲད་ཚད་ཀྱི་འཆི་ཉེན24%ཇེ་དམའ་རུ་སོང་བ་དང་འབྲེལ་བ་ཡོད།   ངང་ལག་དང་ཀུ་ཤུ་ཟ་རྒྱུ་ཤིན་ཏུ་ཉུང་བའི་མི་དང་བསྡུར་ན། གཟའ་འཁོར་རེར་ངང་ལག་དང་ཀུ་ཤུ་ཐེངས་3ནས་6བར་ཟ་བའི་མི་དང་བསྡུར་ན་ཁྲད་ཚད་ཀྱི་འཆི་ཉེན43%ཇེ་ཆུང་དུ་ཕྱིན་པ་དང་འབྲེལ་བ་ཡོད་པ་རེད། གཞན་ཡང་ལི་དང་། པོ་ལོ།  རྒུན་འབྲུམ་བཅས་ཟ་བ་དེ་ཁྲག་ཤེད་མཐོ་བའི་ནད་པའི་འཚི་ཚད་དང་འབྲེལ་བ་མངོན་གསལ་མེད་པ་རེད།   དེ་བས་ཁྲད་ཚད་མཐོ་བའི་ནད་པས་རྒྱུན་པར་ཀུ་ཤུ་དང་ངང་ལག་གམ་ཞང་ཅོ་མང་དུ་ཟོས་ན་མངོན་གསལ་གྱི་བདེ་ཐང་ཐོན་གྱི་ཡོད་པ་རེད།