རི་ཀླུང་གཏིང་རུམ་ན་ཆགས་པའི་གཏེར་མ་རོང་ཤང་སློབ་ཆུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-18   རྩོམ་ཁུངས།    བདེ་ཆེན་སློབ་སྦྱོང་ལྟེ་གནས།


    ཟླ་དྲུག་པ་སླེབས་པས་ནམ་ཟླ་དྲོ་ཞིང་འཇམ།རི་ཀླུང་གི་གཏིང་རུམ་ན་ཆགས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་སློབ་ཆུང་གི་ཁོ་ར་ཁོར་ཡུག་ཀུན་དུ་གྲོག་རོང་སློབ་གྲྭའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཤིག་མངོན་ཡོད། སེམས་ཀྱི་ཉི་ཟླའི་གངས་རི་དང་གྲོག་རོང་བར་ན་ཀྲོང་ངེར་འགྱིང་བའི་སློབ་ཆུང་འདིས་ལོ་63རིང་སློབ་མ་ཁག་ཅིག་གིས་སློབ་སྦྱོང་བྱས་ནས་སློབ་མཐར་ཕྱིན་པའི་བདེན་དཔང་བྱས་ཡོད།  ས་ཕག་གིས་བཟོས་པའི་ཁང་པ་ཐོག་མ་ནས་ཨར་འདམ་ལྕགས་རྩིབས་ཀྱིས་བཟོས་པའི་གྱང་མཐོན་པོ་དང་། རྒྱ་ཆེ་བའི་ལུས་རྩལ་ར་བ།  གྲལ་འགྲིག་པའི་སློབ་ཁྲིད་ཐོག་ཁང་། གསར་གཏོད་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་དམངས་སྲོལ་རིག་གནས་ཀྱི་བར་ཁྱམས་རིང་པོ།  སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་དཔེ་དེབ་གྲུ་ཟུར།  སློབ་གསོའི་སྒྲིག་ཆས་གསར་རྐྱང་བཅས་ཀྱིས་དུས་རབས་གསར་པའི་སློབ་མ་ཚོར་སྤུས་ལེགས་དང་ནུས་ཆེའི་སློབ་ཁྲིད་ཞབས་ཞུ་མཁོ་འདོན་བྱས་ནས་རེ་བའི་ས་བོན་དེ་གཏེར་མ་རོང་གྲོག་རོང་དུ་བཏབ་ཡོད།