ལུའོ་ཁྲའོ་ཧྥེང་གིས་སྐད་ཚགས་ཤང་གི་བཟོ་གཏེར་ཁེ་ལས་སུ་བརྟག་ཞིབ་གནང་བ་ཕེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་18ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྐད་ཚགས་ཤང་གི་ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་འགན་འཁྲི་ཚད་ཡོད་ཀུང་སི་དང་།  ཡུན་གཏེར་ཧུང་ཉིའུ་ཀུང་སི།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧུང་ཞིན་གཏེར་ལས་ཚད་ཡོད་ཀུང་སི་བཅས་སུ་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་ཀ་ལ་བརྟག་ཞིབ་གནང་བ་དང་།  ཁེ་ལས་ལ་གནས་པའི་དཀའ་ངལ་དང་གནད་དོན་སྐོར་གྱི་སྙན་སེང་གསན་པ་རེད།  ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྣོད་བཅུད་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

        བརྟག་ཞིབ་གནང་སྐབས་ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  ཁེ་ལས་ཀྱིས་སྣོད་བཅུད་དང་བདེ་འཇགས་ཀྱི་མཐའ་ཚད་གཉིས་བརྟན་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་།  ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་པ་དང་ཆབས་ཅིག་མཐའ་འཁོར་ས་ཁུལ་ལ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རོགས་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཅས་བྱ་དགོས།  མིག་སྔར་ཆུ་རྒྱས་པའི་དུས་ཡིན་པས་ཁེ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་"ལྗང་མདོག་གཏེར་རི་"དང་"བློ་གྲོས་གཏེར་རི་"འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།  ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་རང་འགུལ་ངང་ཞབས་ཞུ་ཧུར་ཐག་བསྒྲུབས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།ཁྲེན་ཆོན་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ཏུ་ཞུགས་པ་རེད།