སྦལ་མགོ་མཚོ་ཆུང་ཁ་ལ་སྟག་མའི་མེ་ཏོག་རྒྱན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་དྲུག་པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོར་གནས་པའི་སྦལ་མགོ་མཚོ་ཆུང་གི་ཉེ་འཁོར་དུ་མེ་ཏོག་སྣ་བརྒྱ་བཞད་པའི་དུས་ལ་སླེབས་ཤིང་། མཆོ་ཆུང་དེ་ནི་ཡུལ་སྐོར་བ་དང་གྲོང་མི་ཤིན་ཏུ་ལྟད་མོར་འགྲོ་འདོད་ཆེ་བའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡོད་པའི་གནས་སུ་ཆགས་ཡོད།       མཚེ་ཆུང་སྔོན་མོ་དེའི་མཐའ་འཁོར་དུ་སྟག་མའི་མེ་ཏོག་ནི་གཅིག་ལས་གཅིག་འགྲན་གྱིས་བཞད་ནས་ལང་ཚོའི་མཛེས་སྡུག་མངོན་ཡོད་ཅིང་།  གདོད་མའི་ནགས་ཚལ་དུ་སྐྱེ་དངོས་སྣ་ཚོགས་ཀྱི་ལྷད་མེད་དྭངས་གཙང་གི་དྲི་མ་ཞིམ་པོས་ཡོངས་སུ་ཁེངས་ནས་མིའི་སེམས་ལ་རང་བྱུང་གི་བདེ་སྣང་བསྩལ་ཡོང་།  མཚོ་ཆུང་དེ་ཉིད་ལ་གསེར་མདོག་གི་ཉི་འོད་ཕོག་པ་ན་འོད་ཀྱི་དོག་པ་ལམ་ལམ་དུ་འཚེར་ནས་མིག་གི་དབང་བོ་འདྲེན་པར་བྱེད།