ཐུའོ་པ་ཆུ་གློག་ས་ཚིཊ་ཀྱི་འཕྲུལ་འཁོར་འཁོར་སྐྱོད་བྱས་ནས་གློག་བཏོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་6པའི་ཚེས་15ཉིན། ཧྭ་ནེང་ཐུའོ་པྰ་ཆུ་གློག་ས་ཚིགས་ཀྱི་ཨང་རྟགས་དང་པོའི་འཕྲུལ་འཁོར་ཚན་པ་ཐོག་མ་ཆུ་ཚོད་72རིང་གི་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་འདོན་པས།ལོ་ངོ་ལྔ་ཚན་བཅུ་བཞིའི་རིང་རང་ཞིན་ཆེན་གྱི་ཆུ་གློག་ས་ཚིགས་ཆེ་གྲས་ཞིག་ཡང་བཙུགས་ཚར་བ་དང་རང་རྒྱལ་ནུབ་ལྷོའི་ཆུ་གློག་གཙང་གསེལ་ནུས་ཁུངས་གནས་གཞིར་སྒུལ་ནུས་གསར་མ་ཡང་སྣོན་པ་མཚོན་ཡོད། 

   བདེ་ཆེན་ཁུལ་འབའ་ལུང་རྫོང་དུ་གནས་པའི་ཐུའོ་པྰ་ཆུ་གློག་ས་ཚིགས་ཀྱི་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཁྲི་140ཆན་ཝ་ཟིན་པ།ཀྲུང་གོ་ཧྭ་ནེང་སྔོ་ལྗང་རིག་ནུས་འཛུགས་སྐྲུན་དང་པོ་དང་བཟོ་ལས་རང་འགུལ་ཅན་ཚོད་འཛིན་མ་ལག་ཕྱོགས་ཡོངས་ནས་རང་རྒྱལ་དུ་ཐོན་སྐྱེད་ཅན་བེད་སྤྱོད་བྱེད་པའི་ཚད་ཤིང་དཔེ་སྟོན་ལས་གྲྭ་ཡིན།ཚང་མ་འཁོར་སྐྱོད་བྱས་རྗེས།ལོ་ལྟར་གཙང་གསེལ་གློག་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་62.3འདོན་ཐུབ་པ།ཚད་ལྡན་རྡོ་སོལ་ཏུན་ཁྲི་191.3གྲོན་ཆུང་དང་དབྱང་གཉིས་ཐྰན་འགྱུར་ཏུན་ཁྲི་522.3ཉུང་དུ་ཕྱིར་གཏོང་དང་གཅིག་པས།མངོན་གསལ་དོད་པོའི་དཔལ་འབྱོར་ཕན་ནུས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་ནུས་ཡོད།ད་ལོའི་ལོ་མཇུག་བར།གློག་ཚིགས་འདིས་འཁོར་སྐྱོད་ཚན་པ་ཚང་མ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་གློག་འདོན་མངོན་འགྱུར་བྱུང་ཞིང་།སྐབས་དེར་ཡུན་ནན་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་རྒྱ་ཁྱོན་ཚད་རིམ་གསར་པར་སླེབས་པ།གཙང་གསེལ་ནུས་ཁུངས་གློག་འདོན་འཕྲུལ་འཁོར་དེ་བས་མང་དུ་སོང་རྒྱུ་རེད།


    ཉེ་བའི་ལོ་འགའི་རིང་།ཀྲུང་གོ་ཧྭ་ནེང་གློག་ཤུགས་དང་ནུས་ཁུངས་མ་ལག་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་དམིགས་ནས།ཡུན་ནན་དུ་ཡོད་པའི་གཙང་གསེལ་ནུས་ཁུངས་གནས་གཞི་གསར་གཏོད་འཛུགས་སྐྲུན་མགྱོགས་ཤུགས་མཐོ་རུ་གཏོང་བ།ལོ་ལྟར་གྱི་གློག་འདོན་ཚད་རྒྱུན་མཐུད་ཀྱི་ལོ་5རིང་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་1000བརྒལ་བ།རིམ་རྩིས་ལྟར་གློག་འདོན་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་1.3ཟིན་པ།གཙང་གསེལ་ནུས་ཁུངས་གློག་འདོན་ཚད་རྒྱུན་མཐུད་ཀྱིས་ལོ་རྒྱུས་ཐོག་ཆུ་ཚད་ཆེས་ལེགས་གཏོད་དེ།ཡུན་ནན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཡོད་ཀྱི་ནུས་ཁུངས་རོགས་སྐྱོར་འདོན་པ་རེད།