ཁུལ་དཔོན་ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཐོག་བརྡ་ཁྱབ་པའི་དཔེ་མཚོན་གྱོད་དཔེར་བསྟན་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ཞིབ་དཔྱད་དང་ལྟ་སྐུལ་སློབ་སྟོན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འབོར་ཐེངས་གསུམ་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བདུན་པའི་ཐོག་དཔེ་མཚོན་གྱོད་དཔེར་བསྟན་པའི་གནད་དོན་བཅོས་སྒྲིག་ལས་དོན་ལ་ཞིབ་དཔྱད་དང་ལྟ་སྐུལ་སློབ་སྟོན་གནང་བ། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅིའི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཡུན་ནན་དུ་རྟོག་ཞིབ་ཐེངས་གཉིས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་དགོངས་དོན་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་ཞིང་ཨུ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱེད། དེ་བས་ཆབ་སྲིད་ཚུགས་གནས་མཐོ་རུ་གཏོང་བ། འགན་ཁྲིད་འཁུར་ཤུགས་ཆེ་རུ་གཏོང་ནས། དཔེ་མཚོན་གྱོད་དཔེར་བསྟན་པའི་གནད་དོན་བཅོས་སྒྲིག་ལས་དོན་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས།

    དཔྱད་ཞིབ་ཁྲོད་ཀྲང་ཝེ་ཏུང་གིས་ས་གནས་ས་ཐོག་ཏུ་འབྲི་ཆུའི་སྟག་མཆོང་གྲོག་རོང་བར་གྱི་དུམ་བུར་ཁྲིམས་འགལ་གད་སྙིགས་འཕོ་བ་འབྲི་ཆུའི་ངོགས་ཀྱི་ཆུ་ལམ་བཙན་བཟུང་གནད་དོན་འབྱུང་ཁུངས་དང་བཅོས་སྒྲིག་འཕེལ་རིམ་ལ་དཔྱད་ཞིབ་གནང་ཞིང་། ས་གནས་ས་ཐོག་ཏུ་བཅོས་སྒྲིག་ལས་ཀའི་སྙན་ཞུ་གསན་ནས། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ལས་འགན་མཐའ་གཅིག་ཏུ་འཁུར་བ། གནད་དོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཆད་མེད་ལྷག་མེད་ཀྱིས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཐོག་བརྡ་ཁྱབ་པའི་དཔེ་མཚོན་གྱོད་དཔེར་བསྟན་པའི་གནད་དོན་བཅོས་སྒྲིག་ལས་ཀ་དམ་འཛིན་བྱེད་པ། དུས་རྒྱུན་དོ་དམ་དམ་འཛིན་བྱེད་དེ། ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་ཞེས་བསྟན།

    ཀྲོང་ཞའོ་ཕིང་དང་ཁུལ་གྲོང་ཁྱེར་རིམ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དཔྱད་ཞིབ་ཏུ་ཞུགས།