ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་97པ་(རྒྱས་འཛོམས་)འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་19ཉིན།  ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་97པ་(རྒྱས་འཛོམས་)འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུའི་ཉེ་དུས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

        ཀྲང་ཝེ་ཏུང་དང་། ལི་ཡན་ལན། ཕེང་ཧྲན། མིའོ་ཡིའུ་ཧྥ་སོགས་གྲོས་ཚོགས་སུ་ཞུགས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་ཐན་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སྐོར་ཞིབ་ལས་རེས་བརྟན་སྲུང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། "1262"ཀྱི་འཕྲལ་སྡོམ་དང་ལེན་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་དུས་ཐོག་ཏུ་ཆར་པ་འབབ་ཚུལ་དང་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་རིམ་གྱི་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་དང་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

        གྲོས་ཚོགས་སུ་ནན་བཤད་བྱས་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞ་ཅིན་ཕིང་གི་དངུལ་རྩ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ས་གནས་ཏང་ཨུ་དང་སྲིད་གཞུང་དང་། ལས་རིགས་གཙོ་སྐྱོང་སྡེ་ཁག དངུལ་རྩའི་དོ་དམ་སྡེ་ཁག་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱ་དགོས།  ཆེད་དོན་གསོ་སྐྱོང་དང་དཔེ་མཚོན་སློབ་ཁྲིད། ཕན་ཚུན་གནས་སྦྱར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འགོ་ཁྲིད་ལས་བྱེད་པས་དངུལ་རྩའི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།

        གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་《 ཡིག་བསྐུར་ངོ་བཅར་ལས་དོན་སྲོལ་ཡིག་》 རྒྱུན་མཐུད་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས།  དུས་རབས་གསར་པའི་"ཧྥེང་ཆའོ་ཡི་ཉམས་མྱོང་"མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་འགལ་བ་གཞི་རིམ་དུ་སེལ་དགོས།  དུས་རབས་གསར་པའི་"ཕུའུ་ཅང་གི་ཉམས་མྱོང་"མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གཤམ་ལ་བཅར་འདྲིར་སྐྱོད་པ་དང་གཞི་རིམ་དུ་བསྐྱོད་དེ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  

        གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་བེད་སྤྱོད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་།  བདེ་ཆེན་གྱི་དོན་དངོས་ལ་དམིགས་ནས་ཁྲིམས་འཛུགས་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས།  སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བསྒྱུར་བཅོས་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་སྦྱོང་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

        གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།