ཨ་མཚར་མཚར་དགུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-20   རྩོམ་ཁུངས།    གངས་རྒྱན་ན་ཆུང་ཚགས་པར།

གནམ་འདི་འགྱོགས་ནི་མེད་ལ་མཐོ་ནི་གན་གི་ཨ་མཚར་རོ།། 

བྲག་འདི་བརྩིགས་ནི་མེད་ལ་འགྲིག་ནི་གན་གི་ཨ་མཚར་རོ།།

རྡོ་འདི་ཕ་མ་མེད་ལ་འཕོས་ནི་གན་གི་ཨ་མཚར་རོ།། 

ཐང་འདི་བརྡལ་ནི་མེད་ལ་བདེ་ནི་གན་གི་ཨ་མཚར་རོ།།

ཆུ་འདི་ཁྲིད་ནི་མེད་ལ་བཞུར་ནི་གན་གི་ཨ་མཚར་རོ།། 

ལམ་འདི་རྐོ་ནི་མེད་ལ་དྲང་ནི་གན་གི་ཨ་མཚར་རོ།།    

རྩྭ་འདི་འདེབས་ནི་མེད་ལ་སྐྱེ་ནི་གན་གི་ཨ་མཚར་རོ།།

རིལ་མ་རྐ་ལག་མེད་ལ་མཆོང་ལྡིང་བྱེད་ནི་གན་གི་ཨ་མཚར་རོ།།

རྩི་ཏོ་ཁ་མིག་མེད་ལ་བཤུག་ལྡིར་བྱེད་ནི་གན་གི་ཨ་མཚར་རོ།།