སྐད་ཚག་ཤང་གིས་ཞིང་གྲོང་བུད་མེད་ལག་ཤེས་ཐོན་རྫས་བཟོ་བའི་གསོ་སྦྱོང་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


      ཉེ་ཆར། བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་དུ་ལག་ཤེས་རིག་གནས་རྒྱུན་འཛིན་བྱས་ནས་ཞིང་གྲོང་དར་སྤེལ་ལ་རམ་འདེགས་ཞུ་བ་ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་ཞིང་གྲོང་བུད་མེད་ཀྱི་ལག་ཤེས་ཐོན་རྫས་བཟོ་བའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ་རེད། ཞིང་གྲོང་གི་བུད་མེད་50ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད། ལག་ཤེས་ནུས་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ཞིང་གྲོང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་དང་ལྷག་པར་དུ་ཞིང་གྲོང་གི་བུད་མེད་སྔར་ལས་མང་བ་ཞིག་ལ་ལག་རྩལ་གཅིག་ཁོང་དུ་ཆུད་པར་བྱས་ནས་ལས་ཞུགས་ཀྱི་ཡོང་སྒོ་འཕར་ཐུབ་པར་བྱས་ཡོད།