ལུའོ་ཁྲའོ་ཧྥེང་ལས་ཡུལ་དུ་ཕེབས་ནས་འཚམས་འདྲིར་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས་ནས་མང་ཚོགས་ཀྱི་རེ་འདུན་ཐག་གཅོད་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་6པའི་ཚེས་18ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སྐད་ཚགས་ཤང་དུ་བསྐྱོད་ནས་ལས་ཡུལ་དུ་འཚམས་འདྲིར་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཞུས་ནས་ངོ་ཐོག་གདོང་འཕྲད་ཀྱི་སྒོ་ནས་མང་ཚོགས་ཀྱི་རེ་འདུན་ཞིབ་འཇུག་དང་ཐག་གཅོད་བྱེད། ཁོང་གིས་མི་དམངས་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་ཏུ་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ལུགས་མཐུན་གྱི་རེ་འདུན་ཐག་གཅོད་དེ་སྔར་ལས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ།

        ཉིན་དེར། ལུའོ་ཁྲའོ་ཧྥེང་གིས་ངོ་བཅར་དུ་ཡོང་བའི་མང་ཚོགས་ཀྱིས་ཞུས་བའི་གནད་དོན་དང་རེ་འདུན་གསན་ནས་འབྲེལ་ཡོད་ལས་དོན་སྒྲུབ་པ་དང་ཐག་གཅོད་བྱེད་རིམ་དུ་གནས་པའི་གནད་དོན་རྒྱུས་ལོན་བྱས་པ།འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་མཉམ་དུ་ཡུལ་དངོས་སུ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས། ཐག་གཅོད་བྱེད་ཐབས་མཉམ་གྲོས་བྱས་པ་དང་གོམ་སྟབས་རྗེས་མའི་ཐག་གཅོད་བསམ་འཆར་དང་བྱེད་ཐབས་བཏོན་སྟེ། འཚམས་འདྲིར་ཡོང་བའི་མང་ཚོགས་ཀྱི་ཡིད་ཚིམ་ཐོབ་པ།

        ལུའོ་ཁྲའོ་ཧྥེང་གིས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་རྒྱུའི་འཕེལ་རྒྱས་དགོངས་པ་ཟབ་ཏུ་གཏོང་བ། ནན་ཏན་གྱིས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དེ། རང་ཁུལ་གྱི་ཡིག་སྐུར་ངོ་གཏུག་ལས་དོན་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

        ཁུལ་འགོ་ཁྲིད་དབྱང་ཙི་ཅང་དང་ཁྲིན་ཆོན། ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུ་གཏུག་དང་ལེན་དུ་ཞུགས།